ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོའི་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཨུའི་ཚན་རྩལ་གསར་གཏོད་ལོའི་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར། 

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སུ་ནི་ཆེས་ཆེ་བའི་ཉེ་འབྲེལ་གྱི་རྒྱལ་ཁབ་ཡིན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་མཆེད་པའི་སྐབས་ལ། ཀྲུང་གོ་དང་ཨུ་རུ་སུའི་རྒྱལ་ཁབ་གཉིས་ཀྱིས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཏེ། དུས་བཅད་ལྟར་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོ་གཉེར་བ་རེད། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་གང་ལེགས་སྒོས་མཚོན་ཡོད། ཀྲུང་གོ་དང་ཨུ་རུ་སུས་ལག་གདང་སྦྲེལ་ནས་རིམས་ནད་འགོག་པ་དང་དུས་ངལ་མཉམ་སེལ་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་སྒུལ་ཤུགས་ཆེན་པོར་འགྱུར་ངེས་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་ནི་འཛམ་གླིང་གི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་དང་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཚན་རྩལ་གྱི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་དེ། རྒྱལ་ཁབ་གཉིས་ཀྱི་ཚན་ཞིབ་ལས་དོན་པ་དང་ཚན་རྩལ་ལས་རིགས་ཀྱིས་ཕྱོགས་ཡོངས་དང་། རིམ་པ་མང་པོ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་བྱས་རྗེས་གསར་པ་འབུལ་དགོས་ཞེས་བསྟན།

 ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། ཚན་རྩལ་གསར་གཏོད་ནི་མིག་སྔའི་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མདུན་ལམ་ཆེ་ཤོས་ཀྱི་མཉམ་ལས་ཁྱབ་ཁོངས་ཀྱི་གྲས་ཤིག་ཡིན་པས། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཐག་གཅོད་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཐེངས་འདིའི་ཚན་རྩལ་གསར་གཏོད་ལོའི་སྒྲོམ་གཞིའི་ནང་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད། ཚན་ཞིབ་དང་། འགྲེམས་སྟོན། རིག་གཞུང་སྤེལ་རེས་སོགས་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་ཚུད་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། གསོ་རིག ཚན་ཞིབ་ལས་ཁུངས་བཅས་ཀྱིས་གློ་ཚད་རིམས་ནད་འགོག་བཅོས་ཐད་མཉམ་ལས་དམ་ཟབ་བྱས་ཡོད་དེ། གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཚན་རྩལ་གསར་གཏོད་ལོ་བདེ་བླག་ངང་གཉེར་བར་སྙིང་ཐག་པ་ནས་སྨོན་འདུན་ཞུས། ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས་ཅེས་གསུངས་པ་རེད།

2019ལོའི་ཟླ6པར་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུར་འཚམས་འདྲི་གནང་བའི་སྐབས་སུ། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ2020ལོ་དང2021ལོར་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོ་གཉེར་བ་ཁྱབ་བསྒྲགས་བྱས། དེ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས“ཚན་རྩལ་གསར་གཏོད”བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་ལོ་ཞིག་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།