ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱེ་ཡིས་དབྱི་ཐཱ་ལེའི་ཙུང་ལི་ཁུང་ཐི་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། དབྱི་ཐཱ་ལེ་རུ་འཚམས་འདྲི་བྱེད་བཞིན་པའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་ཕྱི་ཡུལ་ན་ཡོད་པའི་དབྱི་ཐཱ་ལེའི་ཙུང་ལི་ཁུང་ཐི་ལ་ཁ་པར་བཏང་། 

ཝང་དབྱེ་ཡིས་ཁུང་ཐི་ལ་ཀྲུང་གོའི་མགོ་ཁྲིད་པའི་སྙིང་ཉེ་བའི་འཚམས་འདྲི་བརྒྱུད་སྒྲོག་བྱས་པ་དང་། ཁུང་ཐི་ཡིས་ངལ་གསོའི་སྐབས་སུ་ཆེད་དུ་ཁ་པར་བཏང་ནས་བསམ་འཆར་བརྗེ་རེས་བྱས་པར་བཀའ་དྲིན་ཞུས། ཝང་དབྱེ་ཡིས་བསྟན་དོན། ཐེངས་འདིའི་འཚམས་འདྲི་ནི་འཛམ་གླིང་ཡོངས་སུ་རིམས་ནད་བྱུང་རྗེས་ཀྲུང་གོའི་ཕྱི་འབྲེལ་བློན་ཆེན་གྱིས་ཐོག་མར་ཡོ་རོབ་གླིང་དུ་འཚམས་འདྲི་བྱས་པ་ཡིན་ལ། ས་ཚིགས་ཐོག་མ་དེ་དབྱི་ཐཱ་ལེ་བདམས་པ་ནི་ཀྲུང་གོའི་ཕྱོགས་ཀྱིས་དབྱི་ཐཱ་ལེ་ལ་མཐོང་ཆེན་བྱེད་པའི་མཚོན་རྟགས་ཡིན། ཀྲུང་གོ་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་དཀའ་ཁག་ཁྱད་བསལ་བྱས་ཏེ། རྒྱལ་སྤྱིའི་སྟེང་མཉམ་ལས་བྱས་ནས་རིམས་ནད་འགོག་པའི་མིག་དཔེ་བསྟན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའང་རིམས་ནད་མཉམ་འགོག་ཁྲོད་འཕེལ་རྒྱས་བྱུང་ཡོད། དོན་དངོས་ལས་མཐུན་སྒྲིལ་མཉམ་ལས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་གནད་དམ་པར་མ་ཟད། གོམ་རིམ་རྗེས་མར་དཔ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སླར་གསོ་བྱེད་པར་མཚོན་ནའང་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད་ཟེར། 

ཝང་དབྱེ་ཡིས་བཤད་རྒྱུར། ཀྲུང་གོ་དང་དབྱི་ཐཱ་ལེ་ནི་གྲོགས་པོ་ཡིན་པའི་ཆ་ནས། རིམས་ནད་བྱུང་སྐབས་མཉམ་དུ་འཐབ་རྩོད་བྱས་པ་དང་། རིམས་ནད་ཀྱི་རྗེས་སུ་མཉམ་དུ་འཕེལ་རྒྱས་ལ་བརྩོན་ལེན་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་དབྱི་ཐཱ་ལེ་ཡིས་སང་ལོར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྒྱབ་སྐྱོར་བྱེད་པ་དང་། དབྱི་ཐཱ་ལེ་བར་གྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ཕྱོགས་མང་བོའི་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་བཙུགས་ཏེ། རིམས་ནད་བྱུང་རྗེས་ཀྱི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད། ཀྲུང་གོས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པ་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་དགོངས་དོན་གཞིར་བཟུང་སྟེ། ཡོ་རོབ་གླིང་བར་འབྲེལ་འདྲིས་དང་བརྗེ་རེས་བྱེད་འདོད་ཡོད་ལ། དབྱི་ཐཱ་ལེ་ཕྱོགས་ཀྱིས་དོན་དེའི་ཐད་ནུས་པ་གལ་ཆེན་འདོན་པར་རེ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།