ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ8པའི་ཚེས25ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་པེ་ཅིན་ནས་འགོ་ཚུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འགོ་ཚུགས་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས25ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་པེ་ཅིན་ནས་འགོ་ཚུགས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བཟོ་རྒྱུར་དམིགས་ནས་སྲིད་དོན་གྲོས་མོལ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འགོ་ཚུགས་ཚོགས་འདུར་ཞུགས།

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་མ་ཟད་སྙན་ཞུ་ཡང་འབུལ་བ་རེད། ཝང་ཡུང་གིས་ཡུལ་དངོས་ནས་ཨུ་ཡོན་ཚོའི་བསར་འཆར་དང་སྙན་ཞུ་ལ་ཉན་པ་དང་། ཁོང་གིས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་བཟོ་བ་དང་། མ་འོངས་པའི་ལོ་ལྔའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་འགོ་ཡག་པོ་འཛུགས་རྒྱུ་དང་། གོམ་སྟབས་ཡག་པོ་སྤོ་རྒྱུ་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་སྟེ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་གྱི་འཕེལ་རིམ་བདེ་བླག་ཡིན་པ་དང་། “ལོ་ལྔ་ཚན་བཅུ་བཞི་པར”རྨང་གཞི་བརྟན་པོ་བཏང་ཡོད། 

    རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་སྙན་སྒྲོན་ཡང་གནང་བ་རེད།   ས་གནས་ས་ཐོག་ཏུ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།ཝང་ཡུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་བཟོ་བ་དང་། འབྱུང་འགྱུར་ལོ་ལྔའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་སྟབས་ཡག་པོ་སྤོ་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད། དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ལག་བསྟར་གྱི་འཕེལ་རིམ་བདེ་བླག་རེད། ལོ་ལྔའི་འཆར་གཞི་བཅུ་བཞི་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཚན་རིག་དང་མཐུན་པར་ཇུས་འགོད་དང་། འགག་རྩའི་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་དམིགས་པ། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་མཐོང་ཆེན་དང་འགག་སྒྲོལ་དཀའ་སེལ་གང་ཐུབ་བྱ་དགོས། འཕེལ་རྒྱས་ཀྱི་གཞི་ཁྱོན་དང་། མྱུར་ཚད། སྤུས་ཚད། གྲུབ་ཚུལ། ཕན་འབྲས། བདེ་འཇགས་བཅས་གཅིག་གྱུར་ཡོང་བ་བྱས་ཏེ། མི་དམངས་ཀྱི་འདོད་བློ་དང་མཐུན་པ་དང་། དུས་རབས་ཀྱི་ཁྱད་ཆོས་ལྡན་པ། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་འཆར་འགོད་ཅིག་བཟོ་གང་ཐུབ་བྱ་དགོས།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལིས་ཀྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཁོང་གིས་བསྟན་དོན། ཐབས་ཇུས་གལ་ཆེན་མ་བཏོན་གོང་དང་ཐབས་ཇུས་ལག་བསྟར་བྱེད་བཞིན་པའི་སྐབས་གྲོས་མོལ་བྱེད་དགོས་པ་དང་། དམངས་གཙོའི་གྲོས་མོལ་དེ་ཇུས་ཐག་གཅོད་པ་གཏན་འབེབས་དང་ཇུས་ཐག་གཅོད་པ་ལག་བསྟར་བྱེད་སྐབས་ཧྲིལ་པོར་ཁྱབ་པར་བྱས་ནས། ཧུར་ཐག་གིས་ཐབས་ཇུས་ཀྱི་ཚན་རིག་རང་བཞིན་ལ་ཕན་ཐོགས་ཡོད་པ་ངོས་འཛིན་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་བ་དང། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཁྱད་ཆོས་མངོན་གསལ་དང་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་བླང་བྱ་གལ་ཆེན་ཞིག་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་འགོད་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོར་རྩེ་གཅིག་ཏུ་དམིགས་ནས། ཧུར་ཐག་གིས་གྲོས་མོལ་ཇུས་འདོན་བྱེད་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཚན་རིག་དང་མཐུན་པར་གཏན་འབེབས་བྱེད་པར་ངོས་འཛིན་གཅིག་མཐུན་དང་། བློ་གྲོས་འདོན་པ། སྟོབས་ཤུགས་གཅིག་བསྡུས་བཅས་བྱ་དགོས་ཞེས་བསྟན།

 ལི་ཏའོ་ཁུའེ་དང་། ཁྲེན་ཙའེ་ཧྥང་། ཀྲང་ཡུང་། ལི་ཁྲང་ཅིན། ཆན་ཁེ་མིང་། ཚའེ་ཝེ། ཆིའུ་ཡོན་ཕིན། དབྱང་ཝེ་རྨིན་སོགས་རྒྱུན་ལས་ཨུ་ཡོན8ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་དང་།  བསམ་འཆར་དང་གྲོས་འགོ་བཏོན།

 ཚོགས་འདུའི་སྐབས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”དང་། “གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ”“སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་སྟེ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གལ་ཆེན་ལོན་པ”“གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ”དང་། “གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱི་དམངས་འཚོའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཆགས་པར་བྱེད་པ”སོགས་ཀྱི་ཆེད་དོན་གྲོས་བསྡུར་བྱས།

འགོ་ཚུགས་ཚོགས་འདུའི་སྟེང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཆེ་གཅིག་ལྕོགས་ལི་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆི་པའོ་དང་། ཏུང་ཅན་ཧྭ། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།