ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུའུ་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན།  “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། དུས་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་ཕྱེ་བ་དང་།  ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་དང་པོ་ཡིན། རང་རྒྱལ་མི་འགྱངས་བར་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་རྒྱུ་རེད། བྱ་བ་གང་ཞིག་ཡིན་རུང་། གྲ་སྒྲིག་བྱས་ན་བྱ་བ་འགྲུབ། གྲ་སྒྲིག་མེད་ན་འགྲུབ་མི་ཐུབ། ང་ཚོས་རྒྱང་རིང་ལ་དམིགས་ཏེ། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། སྒོ་ཕྱེ་ནས་ཐབས་ཇུས་འདྲི་བ་དང་བློ་བསྡུས་དགེ་འཚོལ་གྱིས་གནས་ཚུལ་གསར་པར་ཞིབ་འཇུག་དང་འཆར་འགོད་གསར་པ་བཟོ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

1.jpg

ཟླ8པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་།

བཞུགས་མོལ་ཚོགས་འདུའི་ཐོག པེ་ཅིན་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ལིན་དབྱི་ཧྥུའུ། ཀྲུང་གོ་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྥན་ཀང་། ཆིང་ཧྭ་སློབ་ཆེན་སྤྱིའི་དོ་དམ་སློབ་གླིང་གི་གླིང་གཙོ་ཁྲང་ཅང་ཞའོ་ཅུན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཚའེ་ཧྥང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཁྲང་ལིན། ཆིང་ཧྭ་སློབ་ཆེན་རྒྱལ་ཁབ་དངུལ་རྩ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲུའུ་རྨིན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ཨན་ཐའེ་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེ་མོ་བ་ལུའུ་མིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུས་ཡན། ཤང་ཀང་རྒྱ་ཡིག་སློབ་ཆེན(ཧྲེན་ཀྲེན)འཛམ་གླིང་དང་དེང་རབས་ཀྲུང་གོ་མཐོ་རིམ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲེན་ཡུང་ཉན་སོགས་ཆེད་མཁས་པའི་འཐུས་མི9ཡིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་བཤད་རྒྱུར། ཆེད་མཁས་པ་རྣམས་ཀྱིས་གཏམ་བཤད་ཡག་པོ་གནང་སོང་། རང་སོ་སོའི་ཆེད་ལས་ཁྱབ་ཁོངས་ནས་འགོ་བརྩམས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ཀྱི་འཕེལ་རྒྱས་ཁོར་ཡུག་དང་། བསམ་ཕྱོགས། ལས་འགན། བྱེད་ཐབས་བཅས་ལ་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་དང་། ཚོགས་འདུར་ཞུགས་པའི་ཆེད་མཁས་པ་གཞན་དག་གིས་ཡིག་ཐོག་གི་གཏམ་བཤད་ཕུལ་བས་འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་བསྡུ་ལེན་གནང་རོགས་ཞེས་བསྟན།།

2.jpg

ཟླ8པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།