ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུ་ཉིན་ཧི་ཧྥེ་ནས་མགོ་འཛིན་མཛད་དེ་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་བསྟན་དོན། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་རྒྱལ་ཁབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་དང་ནུས་པར་ངོས་འཛིན་ཟབ་མོ་བྱེད་པ་དང་། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་རེ་བ་གསར་བར་ཟུང་འབྲེལ་བྱས་ཏེ། དམིགས་འབེན་ཁ་ཕྱོགས་དང་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་མཐུན་པར་བྱས་ནས། གཞི་གཅིག་ཅན་དང་སྤུས་ཚད་མཐོ་བ་གཉིས་ཀྱི་བྱ་བ་གཙོ་བོ་དམ་འཛིན་བྱེད་པ་དང་། དངོས་སུ་དམ་འཛིན་དང་དཀའ་སྤྱད་འབད་བརྩོན་བྱས་ནས། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནངས། 

ཞི་ཅིན་ཕིང་གིས་ཨན་ཧོས་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས་ཆེད་དུ་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་སྤེལ་བ་རེད། བཞུགས་མོལ་ཚོགས་འདུའི་སྟེང་ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཆང་དང་། ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཆིན་ཅན། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲེ་ཅོན། ཨན་ཧོས་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཅིན་པེན། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧི་ལི་ཧྥུན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། རང་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་ཟུར་མི་འདྲ་བ་ནས་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་གླེང་ཡོད། 

ཚང་མའི་གཏམ་བཤད་ལ་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནངས། ཁོང་གིས་བསྟན་དོན། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ན་ལོ་ངོ་གཅིག་ལྷག་གི་རིང་ལ། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་དང་འབྲེལ་ཡོད་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབ་བྱས་པ་དང་བྱ་བ་དམ་འཛིན་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས་ཡོད། སྤྱི་ཕྱོགས་ནས་བཤད་ན་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་བཞིན་ཡོད། དེ་ལས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཡང་དག་ཡིན་པ་དང་ཕྱོགས་སོ་སོས་དངོས་འབེབ་བྱེད་པའི་ཤུགས་ཚད་ནུས་ལྡན་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཛ་དྲག་དང་རྙོག་འཛིང་གི་གནས་བབ་མདུན་ནས་སྔར་ལས་ལྷག་པའི་སྒོ་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་དང་ནུས་པར་ངོས་འཛིན་གང་ལེགས་བྱེད་དགོས། གཅིག་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཐོག་མར་ཆགས་པར་བྱེད་དགོས། གཉིས་ནས་རང་རྒྱལ་གྱི་ཚན་རྩལ་དང་ཐོན་ལས་གསར་གཏོད་ཀྱི་སྲོལ་འབྱེད་གདོང་ལེན་མཁན་དུ་འགྱུར་བར་བྱེད་དགོས། གསུམ་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་མཐོ་ཚད་གསར་བ་མྱུར་དུ་གསར་བསྐྲུན་བྱེད་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་གནད་འགག་དེ་གཉིས་ལ་དམ་དུ་སྦྲེལ་དགོས་པ་དང་། གཞི་གཅིག་ཅན་གྱི་བསམ་ཕྱོགས་དང་བྱེད་ཐབས་ཀྱིས་སྲིད་འཛིན་བཀག་རྒྱ་གཏོར་བ་དང་སྲིད་ཇུས་ཀྱི་རོགས་ལས་མཐོར་འདེགས་བྱས་ཏེ། རྒྱུ་དེ་དག་ཁྱབ་ཁོངས་ཆེན་པོ་ཞིག་ཏུ་བཀག་མེད་འཁོར་རྒྱུག་བྱེད་དུ་བཅུག་ན། ས་ཁུལ་སོ་སོའི་ཁྱད་སྟོབས་འདོན་སྤེལ་བྱེད་པར་ཕན་ཐོགས་ཡོད་ལ། སྔར་ལས་ལུགས་མཐུན་གྱི་ལས་བགོས་མངོན་འགྱུར་བྱེད་པ་དང་སྔར་ལས་སྟོབས་ལྡན་གྱི་འདྲིལ་ཤུགས་ཆགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།

གཅིག་ནས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཉིས་ནས་ཚན་རྩལ་དགག་སྒྲོལ་ཤུགས་ཚད་ཇེ་ཆེར་གཏོང་དགོས། གསུམ་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་གྲོང་ཁྱེར་དག་གི་འཕེལ་རྒྱས་སྤུས་ཚད་ཇེ་མཐོར་གཏོང་དགོས། བཞི་ནས་དར་རྒྱས་མིན་པའི་ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་དྲག་ཏུ་གཏོང་དགོས། ལྔ་ནས་ཕུའུ་ཏུང་གི་ཆུ་ཚད་མཐོ་བའི་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། དྲུག་ནས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་ལྷད་མེད་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་ལ་གཏོང་དགོས། བདུན་ནས་གཞི་རྩའི་སྤྱི་བའི་ཞབས་ཞུའི་སྟབས་བདེ་མཉམ་སྤྱོད་ལ་ཡར་སྐུལ་བྱེད་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཁ་ཕྱོགས་དམ་འཛིན་དང་ཆེ་ཕྱོགས་འཆར་འགོད། སྲིད་ཇུས་གཏན་འབེབས། བཅོས་བསྒྱུར་སྐུལ་འདེད་བཅས་ཀྱི་ནུས་པ་དང་གཏན་ཤུགས་ཇེ་དྲག་ཏུ་བཏང་སྟེ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་སྲུང་བཟང་བོ་འདོན་སྤྲོད་བྱེད་དགོས། གཞི་གཅིག་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཤེས་ལྡན་མི་སྣ་འཚོལ་ཞིབ་དང་། སྐྱེད་སྲིང་། བེད་སྤྱོད་བཅས་བྱེད་དགོས། ཆབ་སྲིད་ཚད་གཞི་དེ་ཚད་གཞི་དང་པོར་འཛིན་པ་རྒྱུན་འཁྱོངས་སྒོས་ལས་བྱེད་པའི་དཔུང་སྡེའི་ཆབ་སྲིད་ཐད་ནས་ཡིད་ཆེས་རུང་བ་དང་། བློ་གཏད་ཆོག་པ། སེམས་བདེ་མོ་བྱས་ཆོག་པར་འགན་སྲུང་བྱེད་དགོས། ལས་བྱེད་པའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ནུས་པ་ཅན་ལ་ལས་འགན་ཁུར་དུ་འཇུག་པ་དང་ཕུལ་བྱུང་ལ་བྱ་དགའ་སྟེར་བ། ནུས་མེད་ཀྱི་གོ་གནས་ལེན་པ། ཐ་ཤལ་ཅན་ཕྱིར་འབུད་བྱེད་པའི་ཁ་ཕྱོགས་ཡང་དག་ཆགས་པར་སྐུལ་འདེད་གཏོང་དགོས། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་འཚམ་པའི་ལས་བྱེད་པའི་བརྗེ་རེས་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱེད་དདགོས། ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཏང་རྩ་འཛུགས་ཀྱི་ཁེ་ལས་ལ་ཞབས་ཞུ་བྱེད་པའི་ཐབས་ཇུས་དང་ཚོང་ར་གསར་འབྱེད། གསར་བསྒྱུར་ལག་རྩལ། ཕན་འབྲས་མཐོར་འདེགས་སོགས་ཐད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཏང་གི་ཆབ་སྲིད་ཁྱད་སྟོབས་དང་རྩ་འཛུགས་ཁྱད་སྟོབས་དེ་ཁེ་ལས་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་དགོས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཅན་གྱི་དཔལ་འབྱོར་རྩ་འཛུགས་ཁྲོད་ཏང་ཡོན་བསྐྱེད་སྲིང་བྱེད་པར་དོ་སྣང་བྱེད་པ་དང་། ཏང་ཡོན་གྱི་སློབ་གསོའི་དོ་དམ་བྱ་བ་བཟང་བོར་བསྒྲུབས་ནས། ཁོ་ཚོས་སྔོན་ཐོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པར་སྣེ་ཁྲིད་བྱེད་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ནི་ཉིན་རེ་གཉིས་ཙམ་གྱིས་འགྲུབ་ཐུབ་པ་ཞིག་མ་ཡིན་པས་ང་ཚོར་བཟོད་བསྲན་དགོས་པར་མ་ཟད་སྔ་དགོང་གི་དུས་ཚོད་དམ་འཛིན་བྱེད་པའི་བརྩོན་སེམས་དགོས། རྒྱང་རིང་གི་འཆར་འགོད་དགོས་པར་མ་ཟད་ད་ལྟའི་བྱ་བར་བརྩོན་པ་བྱེད་དགོས། མགོ་ཁྲིད་ཚན་ཆུང་གིས་ཁ་ཕྱོགས་ཆེན་པོ་དང་རྩ་དོན་ཆེན་མོ་དམ་འཛིན་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་བྱེད་པར་ཁག་ཐེག་བྱེད་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། ཁག་ཁུར་སྤོབས་པ་དང་རང་འགུལ་གྱི་བྱ་བ་བསྒྲུབས་ནས་གྲུབ་འབྲས་ཆེན་པོ་ལེན་སྤོབས་དགོས། དོན་དངོས་ནས་མགོ་བརྩམས་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་ཀྱི་འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ནས་སྔར་ལས་ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་ཡོད་ཅེས་གསུངས། 

ཧན་ཀྲིན་གྱིས་གསུང་བཤད་སྤེལ་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་བསམ་བློ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་གནད་འགག་གཉིས་དམ་དུ་བཟུང་ནས། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔེ་སྟོན་ས་ཁུལ་གསར་བསྐྲུན་བྱེད་པ་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱས་ཏེ། དཔལ་འབྱོར་གཏན་འཇགས་ངང་འཁོར་སྐྱོད་བྱེད་པ་སྲུང་འཛིན་དང་ཐོན་ལས་ལེགས་བསྒྱུར་རིམ་འཕར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་རང་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ། ཆུ་ཚད་མཐོ་བའི་སྒོ་འབྱེད་སྟེགས་བུ་གསར་བསྐྲུན་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཉོ་ཚོང་ཁོར་ཡུག་འཐུས་ཚང་དུ་གཏོང་དགོས། ནུས་མཐོའི་རོགས་འདེགས་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་གཞི་གཅིག་ཅན་གྱི་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་མཉམ་སྲུང་མཉམ་བཅོས་ལ་ཤུགས་སྣོན་བྱས་ནས། གཞི་རྩའི་སྤྱི་བའི་ཞབས་ཞུའི་སྟབས་བདེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ཏེན་ཞུའོ་ཞང་དང་། ལིའུ་ཧི། ཁྲིན་ཞི། ཝང་ཡུང་། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།