ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཞེ་གཅིག་པ་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།
གྲོས་ཚོགས་ནས་གྲོས་ཞིབ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ཐུན་མོང་ལྟ་ཚུལ་གཅིག་འདྲིལ་བྱ་བར་སྐུལ་འདེད་དང་ཤུགས་སྣོན་བྱེད་པའི་སྐོར་གྱི་བསམ་འཆར་དང་། རྒྱལ་ཡོངས་སྲིད་གྲོས་རྩ་འཛུགས་ཀྱི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཆེན་མོའི་ཞིབ་འཇུག་གི་བྱ་བའི་བསམ་འཆར་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་མོལ་རྒྱུ་སྤུས་གདེང་འཇོག་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་གསན།
ཝང་དབྱང་གིས་བསྟན་དོན། བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་ཐུན་མོང་ལྟ་ཚུལ་རྒྱ་ཆེར་གཅིག་འདྲིལ་བྱེད་པ་ནི་དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བའི་ལས་རིམ་གཙོ་བོ་ཞིག་ཡིན་པ་དང་། མི་དམངས་སྲིད་གྲོས་ཀྱི་ཐུན་མོང་ལྟ་ཚུལ་གཅིག་འདྲིལ་བྱེད་པའི་བྱ་བར་ཤུགས་སྣོན་དང་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་གཏན་འབེབ་བྱས་པ་ནི་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཐབས་ལམ་བཟང་བོ་ཞིག་ཡིན། རྒྱུན་ཆད་མེད་པར་ཐུན་མོང་ལྟ་ཚུལ་གཅིག་འདྲིལ་བྱེད་པའི་བྱ་བའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་དམངས་སྲིད་གྲོས་ལམ་ལུགས་དང་དམངས་གཙོའི་ལས་རིམ། ནུས་ལྡན་བྱ་བ་བཅས་ལ་བརྟེན་ནས། ཏང་གི་འདོད་བློ་དེ་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་ལྟ་ཚུལ་དུ་འགྱུར་བར་བྱེད་པ་དང་། ཧུར་ཐག་སྒོས་མི་དམངས་སྲིད་གྲོས་དེ་ཏང་གི་བྱ་བ་སྣ་ཚོགས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པའི་གཡུལ་ས་གཙོ་བོ་དང་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མིར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པའི་སྟེགས་བུ་གཙོ་བོ། ཐུན་མོང་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞིའི་སྟེང་འགལ་བ་ཞི་འཇགས་སུ་གཏོང་བ་དང་ཐུན་མོང་ལྟ་ཚུལ་གཅིག་འདྲིལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས།
ཝང་དབྱང་གིས་ནན་གྱིས་བསྟན་དོན། སྲིད་གྲོས་ཀྱི་རིག་ནུས་གཅིག་འདུས་དང་གོ་གནས་འབུར་ཐོན་གྱི་ཁྱད་སྟོབས་དང་སྲིད་གྲོས་ཨུ་ཡོན་གྱི་ལས་རིགས་དང་རིག་ཚན། ཁྱབ་ཁོངས་བཅས་བརྒལ་བའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཤིང་། སྲིད་གྲོས་ཀྱི་སྲིད་ཞུགས་གྲོས་ཞུགས་ཀྱི་འཇོན་མིའི་མཛོད་ཀྱི་སྟོབས་ཤུགས་བེད་སྤྱད་ནས་འཆར་གཞི་ཡོད་པ་དང་རྩ་འཛུགས་ཡོད་པའི་སྒོ་ནས་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པ་དང་། ཧུར་ཐག་སྒོས་སྲིད་གྲོས་ཀྱི་ཞིབ་འཇུག་གནད་དོན་གྱི་ཐུན་མིན་ལྟ་ཕྱོགས་མངོན་པར་མཚོན་པའི་གྲུབ་འབྲས་ཆགས་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་ཞབས་འདེགས་ཞུ་དགོས། གྲོས་མོལ་གྱི་སྤུས་ཚད་གདེང་འཇོག་བྱ་བ་བཟང་བོར་བསྒྲུབས་ཏེ་གདེང་འཇོག་གྲུབ་འབྲས་ཀྱི་བེད་སྤྱོད་ལ་ཤུགས་སྣོན་དང་འགན་འཁྲིའི་ཨུ་ཡོན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཨུ་ཡོན་གྱི་འགན་ནུས་ལག་བསྟར་བྱེད་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ལ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱ་བའི་ཞན་ཆ་ལྡན་པའི་ལས་རིམ་ལེགས་བཅོས་བྱས་ནས། ཧུར་ཐག་སྒོས་གྲོས་མོལ་སྤུས་ཚད་སྔར་ལས་མཐོར་འདེགས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཝང་དབྱང་གིས་ནན་གྱིས་བསྟན་དོན། མིག་སྔར་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་རྒྱལ་བཅོས་སྲིད་སྐྱོང་གླེང་བ་ཞེས་པའི་དཔེ་ཆ་པོད་གསུམམ་པར་སློབ་སྦྱོང་གང་ལེགས་བྱེད་པ་དང་། ཁྱད་པར་དུ་ཀྲུང་གུང་སྐབས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་སློབ་སྦྱོང་བཞུགས་མོལ་ཚོགས་འདུ་དང་། ཆེད་དོན་སློབ་སྦྱོང་། དཔེ་ཀློག་བྱ་འགུལ་སོགས་རྣམ་པ་མི་འདྲ་བའི་སློབ་སྦྱོང་བྱ་འགུལ་སྤེལ་བ་བརྒྱུད་དེ། གོ་བ་ཟབ་མོ་ལོན་པར་བྱེད་པ་དང་བསམ་གཞིགས་ཞིབ་ཏུ་བཏང་ནས། སྲིད་གྲོས་བྱ་བའི་ཤུགས་སྣོན་དང་ལེགས་བཅོས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
གྲོས་ཚོགས་ནས་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་ལས་འགན་གཅིག་ལྕོགས་སུ་ཁུར་མཁན་ལིས་པེན་སོགས་ཀྱིས་སོ་སོར་འབྲེལ་ཡོད་གྲོས་གཞིར་གསལ་བཤད་བྱས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཝང་དབྱང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།