ལིས་ཁི་ཆང་རྫ་ཆུ་དང་མེ་ཀུང་གཙང་བོའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་བརྒྱད་པའི་ཚེས་ཉེར་བཞིའི་ཉིན་རྫ་ཆུ་དང་མེ་ཀུང་གཙང་བོའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་རྒྱུ་ཡིན་ཞིང་། ཙུང་ལི་ལིས་ཁི་ཆང་གིས་རྫ་ཆུ་དང་མེ་ཀུང་གཙང་བོའི་མཉམ་ལས་ཐུན་མོང་གི་ཀྲུའུ་ཞིའི་རྒྱལ་ཁབ་ལའོ་ཝའོ་ཡི་ཙུང་ལི་ཐུང་ལོན་དང་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་མཛད་རྒྱུ་རེད། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་དང་། འབར་མའི་ཙུང་ཐུང་ཝུན་མེན། ཐེ་གོའི་ཙུང་ལི་པཱ་ཡུས། ཡོ་ནན་གྱི་ཙུང་ལི་རོན་ཁྲོན་ཧྥུའུ་བཅས་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། གྲོས་ཚོགས་དེ་བརྙན་རིས་ཀྱི་ཐབས་ལ་བརྟེན་ནས་སྤེལ་རྒྱུ་རེད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།