ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཀོད་དེ་བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་ཁྱབ་སྒྲོག་བྱས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། 

སྲོལ་ཡིག་དེར་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་གོ་བདུན་ཡོད་ཅིང་། ནང་དོན་གཙོ་བོར། གཅིག་ནས་སྔོན་རྩིས་འགྲོ་སོང་ཁྱབ་ཁོངས་གཏན་འཁེལ་གསལ་བོ་བྱས་ཡོད་པ་དང་། གཉིས་ནས་སྔོན་རྩིས་ཡོངས་བསྒྲགས་རེ་བ་ཇེ་དྲག་ཏུ་བཏང་ཡོད། གསུམ་ནས་སྤོ་སྒུལ་རྩིས་སྤྲོད་ལམ་ལུགས་འཐུས་ཚང་དུ་བཏང་ཡོད། བཞི་ནས་སྔོན་རྩིས་འཆར་ཟིན་སྒྲིག་ལུགས་ཀྱི་དུས་ཚོད་གཏན་འཁེལ་གསལ་བོ་བྱས་ཡོད། ལྔ་ནས་ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ལ་ཤུགས་སྣོན་བྱས་ཡོད། དྲུག་ནས་ནོར་སྲིད་ཆེད་སྤྱོད་མཁན་ཚད་ལྡན་དུ་བཏང་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།