ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་གསར་དུ་གདན་ཞུ་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཁོངས་མིར་གདན་ཞུའི་ཡི་གེ་གནངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1597884024994699.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསར་དུ་གདན་ཞུ་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི་ཀྲུའུ་ཀོང་ཡའོ་དང་། ཝང་ཀྲའོ་ཞིན། ཀི་ཅན་ཕེན། ཝང་ལོས་ཧྥང་། ཏའེ་ཆུང་ཧེ། ལིས་ཝེ། ཅོ་ཧོང་ཁྲང་། ལིའུ་དབྱེ། ལིའུ་ཡོན་ལི། ཀྲུའུ་ཐོང། ཏུའུ་ཡུན་ཧྥུན་བཅས་དང་། ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཁོངས་མི་ཁྲིན་ལིས། ཁྲིན་ཞའོ་མེན། སུའུ་ཧྲི་ཧྲུའུ། ཏུང་ཀྲིན་ཧི། དབྱང་ཅིན་མའོ། ཞུའུ་ཧྲི་ཧོང་། ཧི་ཅཱ་དབྱིན་བཅས་ལ་གདན་ཞུའི་ཡི་གེ་གནངས་པར་མ་ཟད་གསུང་བཤད་གལ་ཆེན་གནངས། 

ལིས་ཁི་ཆང་གིས་གསུང་དོན། སྲིད་གཞུང་གི་ཚན་ཧྲིའི་ལམ་ལུགས་བཙུགས་ནས་རིག་གནས་ལོ་རྒྱུས་ཁང་བཙུགས་པ་ནི་ང་ཚོའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱིས་རྒྱལ་ཁབ་སྲིད་དབང་འཛུགས་སྐྲུན་ཁྲོད་ཀྱི་གསར་གཏོད་ཆེན་པོ་ཞིག་ཡིན། ད་ལྟའི་བར་གྱི་ལོ་ངོ་བདུན་ཅུའི་ལོ་རྒྱུས་བརྒྱུད་རིམ་ཁྲོད། སྐབས་རིམ་བྱོན་གྱི་ཚན་ཧྲི་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཁོངས་མི་དག་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པ། སྲིད་གཞུང་གི་ཚན་རིག་དང་མཐུན་པའི་དམངས་གཙོའི་ཐབས་ཇུས་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་གསུངས། 

ལིས་ཁི་ཆང་གིས་གསར་དུ་འགན་ཁུར་བའི་ཚན་ཧྲི་དང་ཁོངས་མིར་རྟེན་འབྲེལ་ཞུས་པ་དང་རེ་བ་བཏོན། གཅིག་ནས་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་དགོས་པ་དང་། གཉིས་ནས་དམངས་འཚོ་ལ་དོ་སྣང་བྱས་ནས་དུས་ལྟར་མང་ཚོགས་ཀྱི་རེ་འདོད་ཡར་ཞུ་བྱེད་དགོས། གསུམ་ནས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་འགན་འཁྲི་ཁུར་དུ་བླངས་ཤིང་། ཆེད་ལས་སྙིང་སྟོབས་དང་བཟོ་བའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཁེངས་སྐྱུང་གིས་སློབ་སྦྱོང་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སོལ་རྒྱུན་རིག་གནས་དེ་སྤྱི་ཚོགས་ཡོངས་དང་ཁྱད་པར་དུ་ན་གཞོན་དག་གིས་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་གསུང་དོན། ཚན་ཧྲི་ཁང་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ལག་བསྟར་བྱས་ནས་ཚན་ཧྲི་དང་ཁོངས་མི་དག་གི་བྱ་བའི་ཁྲོད་ཀྱི་དཀའ་ཁག་ཐག་གཅོད་བྱེད་པར་རོགས་རམ་བྱས་ཏེ། ཁོ་ཚོའི་བློ་འདོན་ཇུས་འབུལ་གྱི་བརྩོན་སེམས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས། 

ཡུག་ཆོན་བྱ་འགུལ་ལ་ཞུགས་པ་དང་། ཞའོ་ཅེ་ཡིས་གདན་ཞུའི་བརྡ་ཐོ་སྒྲོག་འདོན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།