ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་མཱོ་ལུའོ་ཀི་ཡི་ཕྱི་འབྲེལ་བློན་ཆེན་པུའུ་ལིས་ཏཱ་ལ་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་བའི་བང་དབྱི་ཡིས་མཱོ་ལུའོ་ཀི་ཡི་ཕྱི་འབྲེལ་བློན་ཆེན་པུའུ་ལིས་ཏཱ་ལ་གློག་འཕྲིན་བཏང་།

པུའུ་ལིས་ཏཱ་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་ཛ་དྲག་ཆེ་བའི་སྐབས་སུ་མཱོ་ལུའོ་ཀི་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པ་དང་། མུའུ་ཧན་མཱོ་ཏི་སྐུ་ཕྲེང་དྲུག་པ་དང་མཱོ་ལུའོ་ཀི་སྲིད་གཞུང་གིས་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད། ཀྲུང་གོའི་རིམས་འགོག་ཉམས་མྱོང་དེ་མཱོ་ལུའོ་ཀི་མཚོན་ན་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པ་དང་། ང་ཚོས་ཀྲུང་གོའི་འགོག་སྨན་ལག་རྩལ་ཐད་ཡིད་ཆེས་བརྟན་པོ་བཅངས་ཡོད་ལ། ཕྱོགས་གཉིས་ཀྱིས་མྱུར་དུ་མཉམ་ལས་གྲོས་མཐུན་འགོད་རྒྱུའི་རེ་བ་བཅངས་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་ཡང་ན་ཡུལ་གནས་གཞན་པ་གང་རུང་དུ། མཱོ་ལུའོ་ཀི་ཡིས་ཀྲུང་གོས་རང་ཉིད་ཀྱི་བདག་དབང་དང་རྒྱལ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད་པ་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ་ཡིན། མཱོ་ལུའོ་ཀི་ཡིས་ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གི་འཕྲོད་བསྟེན་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། མཱོ་ལུའོ་ཀི་དང་ཀྲུང་གོའི་མཛའ་བརྩེ་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བདེ་སྐྱིད་བསྐུན་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཝང་དབྱི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་མུའུ་ཧན་མོ་ཏི་སྐུ་ཕྲེང་དྲུག་པ་གཉིས་ཀྱིས་སྣེ་ཁྲིད་འོག ཀྲུང་གོ་དང་མཱོ་ལུའོ་ཀི་ཡི་འཐབ་ཇུས་གྲོགས་པོའི་འབྲེལ་ཐད་ནས་རིམས་ནད་ཀྱི་ཉམས་སད་ཐེག་ཐུབ་པ་མ་ཟད། འབྲེལ་བ་སྔར་ལས་ཇེ་བཟང་དུ་སོང་། ཀྲུང་གོས་མཱོ་ལུའོ་ཀི་བར་གྱི་མཛའ་བརྩེ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། མཱོ་ལུའོ་ཀི་བར་གྱི་འཐབ་ཇུས་མཉམ་ལས་རྒྱུན་མ་ཆད་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོས་མུ་མཐུད་དུ་ཁྱེད་རྒྱལ་ཁབ་ཀྱིས་རིམས་འགོག་དང་ལས་ཐོན་སླར་གསོ་ཐད་རོགས་རམ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། མུ་མཐུད་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གར་སྟེགས་སྟེང་མཱོ་ལུའོ་ཀི་ཕྱོགས་ཀྱི་དྲང་ཕྱོགས་ཀྱི་འདོད་བློར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།