ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་འགོ་མཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། གསར་སྣོན་ནོར་སྲིད་མ་དངུལ་གྱིས་ཐད་ཀར་ཁེ་ལས་དང་མི་དམངས་ལ་ཕན་འདོགས་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དཔལ་འབྱོར་སླར་གསོ་རང་བཞིན་གྱི་འཕར་སྣོན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་བཀོད་སྒྲིག་བྱས་པ་དང་། དངུལ་ལོར་གྱིས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱས་ནས། ཚོང་རའི་གཙོ་གཞིའི་དཀའ་ཁག་ཐག་གཅོད་པ་དང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་རྒྱུའི་རེ་བ་བཏོན་ལ། དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མའི་དགེ་རྒན་གྱི་ཐོབ་ཐང་ཁས་ལེན་བཅོས་བསྒྱུར་སྤེལ་བ་དང་། དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། དམིགས་བསལ་སྤོ་བསྒྱུར་དངུལ་སྤྲོད་རྐྱེན་སྲོལ་འཛུགས་པ་དང་། ཀྲུང་དབྱང་གི་གསར་སྣོན་ནོར་སྲིད་མ་དངུལ་ཐད་ཀར་གྲོང་ཁྱེར་དང་རྫོང་གི་གཞི་རིམ་དུ་སྟེར་བ་དང་ཐད་ཀར་ཁེ་ལས་དང་མི་དམངས་ལ་ཕན་འདོགས་རྒྱུ་ནི་གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱེད་པའི་ནང་དོན་གཙོ་བོ་ཡིན། ཟླ་བརྒྱད་པའི་ཟླ་སྟོད་བར་དུ། ད་ལོར་གསར་སྣོན་བྱས་པའི་ནོར་སྲིད་མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་ཁྲོད་ནས། སྒོར་ཁྲག་ཁྲིག་གཉིས་ཁྲལ་འཕྲི་ཡོན་དཀྱོག་ཐད་བཀོལ་བ་དང་། ཐད་ཀར་དོ་དམ་བྱེད་པའི་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བདུན་ལས་གཏན་ཁེལ་ལྟར་རང་སོར་བཞག་ཡོད་པའི་རིམས་འགོག་དམིགས་བསལ་མ་དངུལ་ལས་གཞན་པའི་སྒོར་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་བརྒྱད་གྲོང་ཁྱེར་དང་རྫོང་ལ་བྱིན། དེས་ཁྲལ་འཕྲི་ཡོན་དཀྱོག་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་དང་། གཞི་རིམ་གྱི་ནོར་ཤུགས་ཇེ་དྲག་ཏུ་བཏང་ལ། ཚོང་རའི་གཙོ་གཞིར་རོགས་སྐྱོར་བྱེད་པ་དང་ལས་ཞུགས་གཏན་འཇགས་སུ་གཏོང་བ། དམངས་ཚིས་འགན་སྲུང་བྱེད་པ་སོགས་ཐད་ཀྱི་ཕན་འབྲས་ཧ་ཅང་མངོན་གསལ་ཡིན་པ་དང་། དཔལ་འབྱོར་སླར་གསོ་རང་བཞིན་གྱི་འཕར་སྣོན་འབྱུང་བར་སྐུལ་འདེད་བཏང་། གོ་རིམ་རྗེས་མར། གྲོང་ཁྱེར་དང་རྫོང་གིས་བཀོད་སྒྲིག་བྱས་པའི་མ་དངུལ་མྱུར་དུ་ཚོང་རའི་གཙོ་གཞི་དང་དམངས་ཚིས་སྟེང་བཀོལ་བར་མཛུབ་སྟོན་བྱེད་དགོས་ཟེར། ཚོགས་ཐོག་ནས། ཆེ་ཕྱོགས་སྲིད་ཇུས་ཀྱི་ཁ་གཏད་རང་བཞིན་དང་ཕན་ལྡན་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ཚོང་རའི་གཙོ་གཞིར་འགན་སྲུང་དང་སྐྱེད་སྲིང་བྱེད་པ། བཅོས་བསྒྱུར་ཤུགས་ཆེན་སྤེལ་བ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དཀའ་སྤྱད་དངོས་གཉེར་བྱས་ཏེ། ཧུར་ཐག་གིས་ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།