ཀྲུང་གོ་བོད་ཀྱི་དྲ་བ།

ཧེ་ལུང་ཅང་ཞིང་ཆེན་གྱི་ཞིང་བ་ལས་ཞུགས་གཞན་སྒྱུར་བྱེད་ཚད་མི་ཁྲི546.5ཟིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔར་ཧེ་ལུང་ཅང་ཞིང་ཆེན་གྱི་ཞིང་པ་ལས་ཞུགས་གཞན་སྒྱུར་བྱེད་ཚད་ཁྲི546.5ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་མང་བ་ཡོད་པ་རེད། ཏོག་གསར་གློ་ཚད་རིམས་ནད་ལས་ཞིང་པ་ཕྱིར་བསྐྱོད་དཀའ་བ་དང་གླ་པ་རྒྱུག་དཀའ་བའི་གནད་དོན་ལ་དམིགས་ནས་ཧེ་ལུང་ཅང་གིས་ལས་ཀའི་ཆེད་ལས་འཛིན་གྲྭ་བཙུགས་པ་དང་། ཞབས་ཞུའི་འགན་ལེན་ཆེ་རུ་བཏང་བ། སྲིད་ཇུས་ཀྱིས་ཡར་སྐུལ་བྱས་པ། ཆེད་དོན་བྱ་སྤྱོད་སྤེལ་བ། རོགས་སྐྱོར་སྲིད་ཇུས་བཏོན་པ། ལས་ཞུགས་ཀྱི་ལས་གནས་རྒྱ་ཆེར་བཏང་བ། “གནས་དང་གནས་གཏུགས”ཏེ་སྐྱེལ་འདྲེན་ཞབས་ཞུ་སོགས་ཀྱི་བྱེད་ཐབས་བརྒྱུད་རིམས་ནད་ཀྱིས་ཞིང་པའི་ངལ་ནུས་ཕྱིར་གཏོང་ལ་ཤུགས་རྐྱེན་ཕོག་ཚད་དམའ་ཤོས་སུ་གཏོང་ཐུབ་པ་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཧེ་ལུང་ཅང་ཞིང་ཆེན་གྱིས“ཧེ་ལུང་ཅང་ཞིང་ཆེན་གྱི་ཞིང་པའི་ངལ་ནུས་ཕྱིར་གཏོང་དྲ་རྒྱའི་ཞབས་ཞུའི་ལས་སྟེགས”དང་དེ་བཞིནAPP ལག་ཐོགས་ཁ་པར་གྱི་དུད་སྣེ་སོགས་སྤྱད་དེ་ལས་མི་སྤྱོད་པའི་ལས་གནས་ཁྲི13.7མཁོ་འདོན་བྱས་པ་དང་། ཕྱི་ཕྱོགས་སུ་བཅའ་སྡོད་ཞིང་ཆེན་སྲིད་གཞུང་གི་སྒྲིག་གཞི་དང་མཐུན་སྦྱོར་བྱས་ནས་ཁེ་ལས1127ལ་མི་སྤྱོད་ལས་གནས་ཁྲི18ལྷག་ཙམ་མཁོ་འདོན་བྱས་པ། ས་གནས་ཁག་སྒྲིག་འཛུགས་བྱས་ཏེ“གནས་དང་གནས་གཏུགས”བརྒྱུད་དེ་ཁག་ཐེངས9371ལ་བསྡོམས་ཁྱོན་མི་ཁྲི12.6ཕྱིར་གཏོང་བྱས་ཡོད་པ་རེད། གཞན་ཡང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར3.5བཀོད་སྒྲིག་བྱས་ནས་ཞིང་ཆེན་ཕྱིར་གླ་པར་སྐྱོད་མཁན་ཞིང་པར་འགྲིམ་འགྲུལ་གྱི་ཁ་གསབ་རོགས་དངུལ་སྤྲད་པ་དང་། ཞིང་པ་ལས་མི་བསྡུ་མཁན་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་དང་། ཞིང་པའི་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར་སོགས་ལ་བྱ་དགའ་དང་ཁ་གསབ་རོགས་དངུལ་སྤྲད་ཡོད། བསྡོམས་རྩིས་ལ་གཞིགས་ན། ཞིང་ཆེན་ཡོངས་ཀྱི་ཞིང་པ་ཁྲི60.4ལ་འགྲིམ་འགྲུལ་ཁ་གསབ་རག་ཡོད་པ་དང་། ཁེ་ལས6155དང་། མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་ཁྲི3.6ལ་བྱ་དགའ་དང་ཁ་གསབ་རག་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།