ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་ཁྲོམ་བསྒྲགས་ཡི་གེ་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཁྲོམ་བསྒྲགས་ཡི་གེ་བསྐུར་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་མྱུར་དུ་འགུལ་སྐྱོད་སྤེལ་ནས། བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་གཏན་འགོག་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་པ་རྒྱུན་འཁྱོངས་བྱས་ནས། བཟའ་བཏུང་གྲོན་ཆུང་དང་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་པ་དང་ལྷག་པར་དུ་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་ཐད་ནས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་བའི་གྲོས་འགོ་བཏོན།

ཁྲོམ་བསྒྲགས་ཡི་གེ་ལས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྲུང་སྐྱོབ་གཉིས་ལག་ལེན་བྱེད་པ་གཙོ་བོར་འཛིན་པ་དང་། ལས་ཁུངས་སོ་སོའི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་སྣེ་ཁྲིད་དེ་བརྩོན་བསྲིས་གྲོན་ཆུང་ལག་ལེན་བྱེད་པ་དང་བཟའ་བཏུང་ཆུད་ཟོས་སུ་གཏོང་བར་ངོ་རྒོལ་བྱེད་པའི་ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ངེས་པར་གཉིས་ཡིད་ལ་དམ་པོར་འཛིན་པ་དང་རང་རྟོགས་སྒོས་བརྩོན་བསྲིས་གྲོན་ཆུང་དང་དཀའ་སྤྱད་འབད་འཐབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ད་ལྟ་ནས་བཟུང་རང་ཉིད་ནས་འགོ་བཟུང་སྟེ་བསྒྲུབ་པ་དང་། ཟས་ཐུན་རེ་ལ་གཅེས་སྤྲས་དང་འབྲུ་རྡོག་རེ་ལ་གྲོན་ཆུང་བྱས་ཏེ། ལས་ཁུངས་ཀྱི་སྤྱོད་ཚུལ་ལེགས་པོས་སྤྱི་ཚོགས་སྤྱོད་ཚུལ་ལ་སྣེ་ཁྲིད་བྱེད་པ་དང་། ཏང་ཀྲུང་དབྱང་ཡིད་ཆེས་པ་དང་མི་དམངས་མང་ཚོགས་ཡིད་ཚིམས་པའི་དཔེ་ལེགས་ལས་ཁུངས་ཤིག་འཛུགས་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།