རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་དྲི་བར་ལན་འདེབས་པའི་ལས་སྟེགས་སྤྱོད་འགོ་ཚུགས་པ།

(图表)[图文互动]国务院政策答问平台上(5807288)-20200817091337.JPG

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས16ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། “བརྟན་ལྷིང་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཁེ་ལས་དང་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ཆ་འཕྲིན་སྤྱི་དང་ཁྱད་པར་དུ་སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་དང་། གཞི་རྩའི་དམངས་འཚོ་འགན་སྲུང་། ཚོང་རའི་གྲུབ་ཆ་གཙོ་བོ་འགན་སྲུང་སོགས་ཀྱི་སྲིད་ཇུས་ཐད་ཀྱི་བློ་འདྲི་དང་དྲི་བ་དྲིས་ལན་གྱི་དགོས་མཁོ་སྔར་ལས་ལེགས་པོར་སྐོང་བ་དང་། སྲིད་དོན་ཡོངས་བསྒྲགས་ཀྱི་ལས་སྟེགས་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་ཆར་ཀྲུང་གོ་སྲིད་གཞུང་དྲ་བའི་ཐོག“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་དྲི་བར་ལན་འདེབས་པའི་ལས་སྟེགས”ཚོད་ལྟའི་འཁོར་སྐྱོད་བྱས་ཡོད། ལས་སྟེགས་དེས་མིག་སྔར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས47འབྲེལ་མཐུད་བྱུང་ནས་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་སྲུང་། རིམས་ནད་སྔོན་འགོག་ཚོད་འཛིན། ལས་ཞུགས་སླར་གསོ་དང་ཐོན་སྐྱེད་སླར་གསོ་སོགས་ཕྱོགས་མང་པོའི་སྲིད་ཇུས་ཀྱི་དྲི་བར་ལན་བསྐྱོན་ཡོད་པ་རེད།

ཁེ་ལས་དང་མང་ཚོགས་ཀྱིས་ཀྲུང་གོའི་སྲིད་གཞུང་གི་དྲ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱོད་སྣེའི་བྱ་རིམ་ཆུང་གྲས་སུ་ཐོ་འགོད་བྱས་ནས། “རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་དྲི་བར་ལན་འདེབས་པའི་ལས་སྟེགས”སུ་དྲི་བ་འདོན་པའམ་ཡང་ན་འཚོལ་བཤེར་ནང་ཞུགས་ནས་དུས་ཐོག་ཏུ་སྲིད་ཇུས་བློ་འདྲི་བྱས་ཆོག །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།