ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་ཟབ་མོ་གཏོད་དགོས་པར་ནན་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་བཟའ་བཅའ་དང་འཐུང་བྱ་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱ་ཆེད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་བཟའ་བཅའ་དང་འཐུང་བྱ་འཕྲོ་བརླག་གཏོང་བའི་སྣང་ཚུལ་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་དང་སེམས་སྡུག་སྐྱེ་འོས་པ་ཞིག་ཡོད། “སྡེར་མའི་ནང་གི་འབྲུ་རྡོག་གཅིག་ལའང་དཀའ་བ་ཚད་མེད་སྤྱད་པ་སུ་ཡིས་ཤེས”རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཐད་ལོ་བསྟུད་མར་ལོ་ལེགས་བྱུང་ཡོད་མོད། འོན་ཀྱང་འབྲུ་རིགས་བདེ་འཇགས་ཐད་ཐོག་མཐའ་བར་གསུམ་དུ་ཉེན་ཁའི་འདུ་ཤེས་བཅངས་དགོས། འདི་ལོ་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་གྱིས་ང་ཚོར་དེ་བས་ཉེན་བརྡ་བཏང་ཡོད་ཅེས་བསྟན་གནང་བ་རེད། 

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་བཟའ་བཅའ་དང་འཐུང་བྱ་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་། དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་ནས་གྲོན་ཆུང་གི་གོམས་གཤིས་སྔར་བས་འཇགས་པར་བྱས་ཏེ་སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་ཟབ་མོ་གཏོད་དགོས། ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་དང“གྲོན་ཆུང་ལག་བསྟར་ནན་པོ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི”སྤྱི་ཚོགས་ཀྱི་གོམས་སྲོལ་དར་སྤེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་སྟེ་བཟའ་བཅའ་དང་འཐུང་བྱ་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་དགོས་པའི་ནན་བཤད་ཐེངས་མང་གནང་ཡོད། 2013ལོའི་ཟླ་དང་པོར་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་གྲོན་ཆུང་ལག་བསྟར་ནན་པོ་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བླང་བྱ་བཏོན་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་གིས་སླར་ཡང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་བཙན་ཞིང་ནན་པའི་ལམ་ལུགས་ཀྱི་ཚོད་འཛིན་དང་། ལམ་ལུགས་ལག་བསྟར་ནན་པོ། ལྟ་སྐུལ་ཞིབ་བཤེར་ཤུགས་ཆེན། གཅུན་འདོམས་ལམ་སྲོལ་ཚ་ནན་བཅས་ལ་བརྟེན་ནས་གཞུང་དངུལ་འཛད་སྤྱོད་ཁྲོད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་སྣ་ཚོགས་བཀག་འགོག་ཏན་ཏིག་བྱེད་པ་དང་འབྲེལ་སློབ་གྲྭ་ཁ་ཤས་སུ་ཟས་རིགས་འཕྲོ་བརླག་གཏོང་བ་དང་སློབ་མའི་གྲོན་ཆུང་བསྲི་ཚགས་ཀྱི་འདུ་ཤེས་ཞན་པའི་གནད་དོན་ལ་དམིགས་ནས་ཁྲིད་སྟོན་དང་དོ་དམ་ཤུགས་ཆེན་བྱས་ཏེ་སློབ་མའི་ཧུར་བསྲིས་གྲོན་ཆུང་གི་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་འབྲེལ་ཡོད་ཡིག་ཆ་བཟོ་བ་དང“སྡེར་གཙང་བྱ་སྤྱོད”སྤེལ་བ་སོགས་བྱེད་ཐབས་སྤྱད་དེ་འཕྲོ་བརླག་གཏོང་བའི་སྤྱོད་ཚུལ་བཅོས་སྒྲིག་ཤུགས་ཆེན་བྱས་པར“ལྕེ་ཐོག་གི་ཆུད་ཟོས་ཀྱི”སྣང་ཚུལ་ལེགས་བཅོས་ཕྲན་བུ་བྱུང་བ་དང་ལྷག་པར་དུ་མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེ་བའི་གཞུང་དངུལ་སྤྱད་དེ་བཟའ་བཅའ་དང་འཐུང་བྱ་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་ཡོད། དུས་མཚུངས་ས་གནས་ཁ་ཤས་སུ་བཟའ་བཅའ་དང་འཐུང་བྱ་འཕྲོ་བརླག་གཏོང་བའི་སྣང་ཚུལ་སྔར་བཞིན་ཡོད་པས་འབྲེལ་ཡོད་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བྱེད་ཐབས་དེ་བས་ནུས་ལྡན་བཟོས་ནས་ལག་བསྟར་བྱས་ཐོག་སྤྱི་ཚོགས་ཡོངས་ཀྱིས་བཟའ་བཅའ་དང་འཐུང་བྱ་འཕྲོ་བརླག་གཏོང་རྒྱུ་བཀག་འགོག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་སྐུལ་མ་གཏོང་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།