ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཀོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་དོགས་ཡོད་ཉེས་ཅན་གྱི་གྱོད་དོན་བརྒྱུད་སྤྲོད་བྱེད་པའི་སྐོར་གྱི་ཆོད་དོན་ལ་བཟོ་བཅོས་བྱེད་པའི་འབྲེལ་ཡོད་ཆོད་དོན་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་བཀོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་དོགས་ཡོད་ཉེས་ཅན་གྱི་གྱོད་དོན་བརྒྱུད་སྤྲོད་བྱེད་པའི་སྐོར་གྱི་ཆོད་དོན་ལ་བཟོ་བཅོས་བྱེད་པའི་འབྲེལ་ཡོད་ཆོད་དོན་ཁྱབ་སྒྲོག་བྱས་པ་དང་། ཁྱབ་སྒྲོག་བྱས་པའི་ཉིན་ནས་ལག་བསྟར་བྱེད་རྒྱུ་རེད། 

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་གྱི་སྦྲེལ་མཐུད་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་བཏང་སྟེ། ཤུགས་ཆེན་པོས་འབྲེལ་ཡོད་བཅའ་ཁྲིམས་ལག་བསྟར་ཇེ་དྲག་ཏུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་གི་དམངས་དོན་དང་ཉེས་དོན་ཁྲིམས་འཛིན་གྱི་སྲུང་སྐྱབ་ཤུགས་ཚད་ཇེ་དྲག་ཏུ་གཏོང་དགོས་ཞེས་བསྟན། ཙུང་ལི་ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། གསར་གཏོད་གསར་བསྐྲུན་དང་ལེགས་བསྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་དོགས་ཡོད་ཉེས་ཅན་གྱི་གྱོད་དོན་བརྒྱུད་སྤྲོད་བྱེད་པའི་སྐོར་གྱི་ཆོད་དོན་གྱི་ནང་དོན་སྐོར་ཞིག་ལ་བཟོ་བཅོས་བྱས་ཡོད། 

དེ་ལས་གཞན་ལྟ་ཞིབ་བཅའ་ཁྲིམས་དང་གཞུང་ཞབས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་སོགས་ཀྱི་གཏན་འཁེལ་གཞིར་བཟུང་ནས་དགོས་ངེས་ཀྱིས་བཟོ་བཅོས་བྱས་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།