ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་ཡུལ་སྐོར་པུས་འཁྲབ་སྟོན་བྱ་ཡུལ་གྱི་ལྟད་མོ་བའི་མི་གྲངས་ཟློས་གར་ཁང་གི་སྡོད་གནས་ཀྱི50%ལས་བརྒལ་མི་ཆོག་པར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས12ཉིན་གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་རྒྱུས་ལོན་པ་ལྟར་ན། རིམས་ནད་སྔོན་འགོག་གི་བྱ་ཐབས་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག  ཉེན་ཁ་ཆུང་བའི་ས་ཁུལ་གྱིས་རིམ་པ་འབྲིང་གྲས་དང་དེ་མན་གྱི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་སྒོ་སྤེལ་ཆོག་པ་དང་།   སླར་གསོ་བྱས་པའི་འཁྲབ་སྟོན་བྱེད་སའི་མི་སྣར་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ལྟད་མོ་བའི་མི་གྲངས་ཟློས་གར་ཁང་གི་སྡོད་གནས་ཀྱི50%ལས་བརྒལ་མི་ཆོག

རིག་གནས་དང་ཡུལ་སྐོར་པུས་ཟླ8པའི་ཚེས10ཉིན་འགྲེམས་སྤེལ་བྱས་པའི《ཟློས་གར་ཁང་སོགས་འཁྲབ་སྟོན་བྱ་ཡུལ་སྒོ་འབྱེད་སླར་གསོ་བྱེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཕྱོགས་སྟོན》(པར་གཞི་གསུམ་པ)ནང་བསྟན་དོན། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པ་དང་། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་དང་འབྲེལ་བའི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་སྒོ(འཁྲབ་སྟོན་མི་སྣ་རང་རྒྱལ་དུ་ཡོད་པ་ལས་གཞན། ) འཁྲབ་སྟོན་བྱ་ཡུལ་གྱི་མཉམ་འགུལ་ལྷུ་ཚིགས་གནས་སྐབས་མེད་པར་བཟོས་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གྱིས་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་སྒོ་གནས་སྐབས་སུ་ནར་འགྱངས་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།