ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་གཏན་འགོག་དང་གྲོན་ཆུང་གི་གོམས་གཤིས་ཆགས་པར་བྱས་ནས་སྤྱི་ཚོགས་ཡོངས་སུ་ཆུད་ཟོས་སུ་གཏོང་བ་ངོ་ཚ་དང་གྲོན་ཆུང་བྱེད་པའི་གཟི་བརྗིད་ཀྱི་སྣང་ཚུལ་བསྐྲུན་དགོས་པ་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་གཏན་འགོག་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནངས། ཁོང་གིས་བསྟན་དོན། བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་སྣང་ཚུལ་ནི་ཧ་ལས་ཤིང་སེམས་ཀྱིས་མི་བཟོད་པ་ཞིག་རེད། ཟས་རིགས་འབྲུ་རྡོག་རེ་རེ་དཀའ་སྡུག་གི་རྩོལ་བ་ལས་བྱུང་བ་ཀུན་གྱིས་རྟོགས་དགོས། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་བསྟུད་མར་ལོ་མང་བོའི་རིང་ལ་ལོ་ལེགས་བྱུང་ཡོད་ཀྱང་། འབྲུ་རིགས་བདེ་འཇགས་ལ་ཐོག་མཐའ་བར་གསུམ་དུ་ཉམས་ཉེན་གྱི་འདུ་ཤེས་ཡོད་དགོས། ད་ལོའི་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་གྱིས་ང་ཚོར་ཉེན་བརྡ་གསལ་བོ་བསྒྲགས་ཡོད་ཟེར། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་ལ་ཤུགས་སྣོན་པ་དང་ལྟ་རྟོག་དོ་དམ་ཇེ་དྲག་ཏུ་གཏོང་བ། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས་ནུས་ལྡན་རྐྱེན་སྲོལ་བཙུགས་ཏེ། བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་གཏན་འགོག་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱས་ཤིང་། གྲོན་ཆུང་གི་གོམས་སྲོལ་ཆགས་པར་བྱས་ནས། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་སུ་གཏོང་བ་ངོ་ཚ་དང་གྲོན་ཆུང་བྱེད་པ་གཟི་བརྗིད་ཡིན་པའི་སྣང་ཚུལ་ཞིག་བསྐྲུན་དགོས། 

ཞི་ཅིན་ཕིང་གིས་ནམ་རྒྱུན་འབྲུ་རིགས་བདེ་འཇགས་ལ་མཐོང་ཆེན་དང་། གྲོན་ཆུང་བྱེད་པ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྤྱི་ཚོགས་དར་སྲོལ་ཆགས་སུ་འཇུག་དགོས་པའི་འདོད་བློ་བཏོན་ནས། ཐེངས་མང་བོར་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པ་ནན་གྱིས་བསྟན། ཉིས་སྟོང་བཅུ་གསུམ་ལོའི་ཟླ་དང་པོར། ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནངས་ཏེ། གྲོན་ཆུང་བྱེད་པ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་དགོས་པའི་རེ་བ་བཏོན། དེའི་རྗེས་སུ་ཞི་ཅིན་ཕིང་གིས་ཐེངས་མང་བོར་མཛུབ་སྟོན་གལ་ཆེན་གནངས་ནས། ལམ་ལུགས་ཀྱི་ཚད་བཀག་དང་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ནུས་པ་ལྡན་པར་ལྟ་རྟོག་ཞིབ་བཤེར་བྱེད་པ། གཟབ་ནན་གྱི་ཆད་གཅོད་རྐྱེན་སྲོལ་བཙུགས་ནས། ཟོལ་མེད་ཀྱིས་གཞུང་དངུལ་འཛད་སྤྱོད་བྱེད་སྐབས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་སྣང་ཚུལ་སྣ་ཚོགས་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། སློབ་གྲྭ་སྐོར་ཞིག་ཏུ་ཟས་རིགས་ཆུད་ཟོས་སུ་གཏོང་བ་དང་སློབ་མར་གྲོན་ཆུང་གི་འདུ་ཤེས་ཞན་པའི་གནད་དོན་ལ་དམིགས་ཏེ། ཁྲིད་སྟོན་དང་དོ་དམ་ལ་ཤུགས་སྣོན་བྱས་ནས་སློབ་མར་དཀའ་སྤྱད་གྲོན་ཆུང་གི་ཀུན་སྤྱོད་བཟང་བོ་ཆགས་སུ་འཇུག་པ་སོགས་ཀྱི་ཐད་རེ་བ་གསལ་བོ་བཏོན། 

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབྲེལ་ཡོད་ཡིག་ཆ་འདོན་པ་དང་ཟས་ལྷག་མི་བསྐྱུར་བའི་འགུལ་སྐྱོད་སྤེལ་བ་སོགས་བྱེད་ཐབས་སྤྱད་ནས། ཤུགས་ཆེན་པོས་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་ལ་དག་ཐེར་བཅོས་སྐྱོང་བྱས་པས། ཟས་ལྷག་བསྐྱུར་བའི་སྣང་ཚུལ་ལ་ལེགས་བཅོས་ངེས་ཅན་ཐོབ་ཡོད་ལ། ཁྱད་པར་དུ་མང་ཚོགས་བསམ་འཆར་ཆེ་བའི་གཞུང་དངུལ་བཀོལ་ནས་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་ལ་ནུས་ལྡན་གྱིས་བཀག་འགོག་ཐོབ་ཡོད། དེའི་ཞོར་དུ་ས་ཁུལ་ལ་ལར་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་སྣང་ཚུལ་སྔར་བཞིན་ཡོད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབ་བྱས་ཤིང་། ནུས་ལྡན་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱས་ཏེ། སྤྱི་ཚོག་ཡོངས་སུ་བཟའ་བཏུང་ཆུད་ཟོས་སུ་གཏོང་བ་གཏན་འགོག་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད། ‘

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།