ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་གཅིག་པ་དང་། ཨང་ང་གཉིས་པ། ཨང་ང་གསུམ་པ། ཨང་ང་བཞི་བ་བཅས་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་གཅིག་པ་དང་། ཨང་ང་གཉིས་པ། ཨང་ང་གསུམ་པ། ཨང་ང་བཞི་བ་བཅས་བཀོད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་གཅིག་པ་ལས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྲུང་སྐྱོབ་འཛུགས་སྐྲུན་དཔྱ་ཁྲལ་བཅའ་ཁྲིམས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་གྲོས་འཆམ་བྱུང་སྟེ་ད་ལྟ་ཁྱབ་སྒྲོག་བྱས་པ་ཡིན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད་ཟེར།

ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་གཉིས་པ་ལས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིངས་ཡིག་དཔྱ་ཁྲལ་བཅའ་ཁྲིམས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་གྲོས་འཆམ་བྱུང་སྟེ་ད་ལྟ་ཁྱབ་སྒྲོག་བྱས་པ་ཡིན་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད་ཟེར།

ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་གསུམ་པ་ལས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ཁྲོད་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་པའི་དཔེ་ལེགས་མི་སྣར་གཟབ་རྒྱས་ངང་གཟེངས་བསྟོད་བྱེད་པ་དང་། ཁོ་ཚོའི་བློ་དཀར་དང་ཁག་ཁུར། གཏོང་ཕད་བཅས་ཀྱི་བླ་མེན་གཤིས་སྤྱོད་དར་སྤེལ་བྱེད་ཆེད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཆོད་དོན་ལྟར། གཤམ་གྱི་མི་སྣར་རྒྱལ་ཁབ་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་རྒྱུ་ཡིན།

 གཅིག་ནས་ཀྲུང་ནན་ཧྲན་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་གནང་བ་དང་། གཉིས་ནས་ཀྲང་པའོ་ལིས་དང་ཀྲང་ཏེན་ཡུས། ཁྲིན་ཝེ། མོ། བཅས་ལ་མི་དམངས་དཔའ་བོ་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་རྒྱུ་ཡིན་ཟེར། 

ཀྲུའུ་ཞིའི་བཀའ་རྒྱ་ཨང་ང་བཞི་བ་ལས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་གྱི་ཆོད་དོན་ལྟར། གཅིག་ནས་མེའོ་ཡུས་ཀྱི་བཟོ་ལས་དང་བརྡ་འཕྲིན་ཅན་གྱི་ལས་དོན་པུའུ་ཀྲང་གི་ལས་འགན་བླངས་ནས་ཞའོ་ཡཱ་ཆིན་བཟོ་ལས་དང་བརྡ་འཕྲིན་ཅན་གྱི་ལས་དོན་པུའུ་ཀྲང་དུ་བསྐོ་འཇོག་བྱེད་རྒྱུ་དང་། གཉིས་ནས་ལོ་ཧྲུའུ་ཀང་གི་རིག་གནས་དང་གནས་སྐོར་ལས་དོན་པུའུ་ཀྲང་གི་ལས་འགན་བླངས་ནས་ཧུའུ་ཧི་ཕེན་རིག་གནས་དང་གནས་སྐོར་ལས་དོན་པུའུ་ཀྲང་དུ་བསྐོ་འཇོག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།