ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་སྲུང་སྐྱོབ་འཛུགས་སྐྲུན་དཔྱ་ཁྲལ་བཅའ་ཁྲིམས་དང་ཆིངས་ཡིག་དཔྱ་ཁྲལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཁྲོད་དུ་བྱས་རྗེས་འབུར་ཐོན་བཞག་པའི་མི་སྣར་རྒྱལ་ཁབ་ཀྱི་བྱས་རྗེས་རྟགས་མ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་སྐོར་གྱི་ཆོད་དོན་གྲོས་འཆམ་བྱུང་བ་དང་། མེའོ་ཝེ་ཡི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གི་འགན་ལེན་པ་དང་ཞོ་ཡ་ཆིན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱེད་པ། ལོ་ཧྲུའུ་ཀང་གི་རིག་གནས་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་གི་འགན་ལེན་པ་དང་ཧུའུ་ཧི་ཕེན་རིག་གནས་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་དྲུག་པས་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་པའི་ཆོད་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་སྤྲད་དེ་ཨོ་མིན་དང་ཞང་ཀང་། ཀོང་ཏུང་བཅས་ཀྱི་ས་ཁུལ་དང་ནང་ལོག་གི་གྲོང་ཁྱེར་དགུ་རུ་ཞང་ཀང་བཅའ་ཁྲིམས་ལས་གཉེར་མཁན་དང་ཨོ་མིན་ལས་གཉེར་ཁྲིམས་རྩོད་པས་ནང་ལོག་ཏུ་ལས་གཉེར་ཐོབ་ཐང་ལེན་པ་དང་ཁྲིམས་རྩོད་པའི་ལས་རིགས་ཚོད་ལྟ་བྱ་བ་སྒྲུབ་པའི་སྐོར་གྱི་ཆོད་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་ཝང་ཅ་ཧྲིན་རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོ་འཇོག་བྱས་ཤིང་། སུང་ཕུའུ་རྒྱལ་ཡོངས་དམངས་ཆེན་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོ་འཇོག་བྱས་པ་དང་། ལིའུ་ཨོ་ཅུན་རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོ་འཇོག་བྱས།

ཚོགས་ཐོག་ནས་ད་དུང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་བསྐོ་འཐེན་གྲོས་གཞི་གཞན་དག་ལ་གྲོས་འཆམ་བྱུང་།

འབྲེལ་ཡོད་བརྡས་ཐག་གཅོད་པའི་དོན་དག་ཡོངས་འགྲུབ་བྱས་རྗེས་ལིས་ཀྲིན་ཧྲུའུ་ཡིས་གསུང་བཤད་གནང་། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་ཞང་ཀང་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པ་ལྟར། འདེམ་བསྐོ་རྗེས་སུ་སྣུར་བའི་གནས་ཚུལ་འོག་ཁྲིམས་འཛུགས་ལས་ཁུངས་སྟོང་བར་ལུས་པའི་གནད་དོན་འོས་འཚམ་སྒོས་བཀོད་སྒྲིག་བྱས་ཏེ། ཞང་ཀང་ཁྲིམས་སྐྱོང་སྒྲིག་ལམ་སྲུང་སྐྱོབ་བྱེད་པ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་རྒྱུན་ལྡན་སྲིད་བསྟར་དང་ཞང་ཀང་སྤྱི་ཚོགས་གོ་རིམ་ཡོད་པར་འཁོར་སྐྱོད་བྱེད་རྒྱུ་འགན་སྲུང་བྱེད་པར་རྩ་ཁྲིམས་དང་ལམ་ལུགས་ཀྱི་གཞི་འཛིན་ས་དང་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རུལ་རྒོལ་རྒྱལ་སྤྱིའི་རྗེས་འདེད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཁས་ལེན་གང་ལེགས་བྱས། ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱས་ཏེ། རུལ་རྒོལ་འཐབ་རྩོད་ཐད་ནས་མགོ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས་ཟེར།

གྲོས་ཚོགས་གྲོལ་རྗེས། ཆེད་དོན་འཆད་ཁྲིད་ཐེངས་བཅོ་བརྒྱད་པ་བསྡུས་པ་དང་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད། ནོར་སྲིད་པུའུ་ཀྲང་ལིའུ་ཁུན་གྱིས་ཁ་ཡིག་ལ་རང་རྒྱལ་གྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་འབྲེལ་བ་ཞེས་པའི་འཆད་ཁྲིད་གནང་།

ཆེད་དོན་འཆད་ཁྲིད་ཀྱི་རྗེས་སུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་མདུན་དུ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་འཇོག་བྱས་པའི་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་ཐག་བཅད་བསྐོ་འཇོག་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཀྲང་བཅས་ཀྱིས་ཁྲིམས་ལྟར་རྩ་ཁྲིམས་མདུན་དུ་དམ་བཅའ་བཞག །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།