ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་དམག་གི“ཞི་བདེའི་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ལ་བྱས་རྗེས་རིམ་པ་དང་པོ་འཇོག་པའི་རྟེན་འབྲེལ་ཚོགས་ཆེན་འཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་མཚོ་དམག་གི“ཞི་བདེའི་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱི་བྱས་རྗེས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དེ་ཚེས་བདུན་ཉིན་ཤར་རྒྱུད་འཐབ་ཁུལ་མཚོ་དམག་ཡན་ལག་རུ་ཁག་ཅིག་ཏུ་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་བཀའ་རྒྱ་སྒྲོག་འདོན་གནང་བ་དང་འབྲེལ་ཏེ་གཟེངས་བསྟོད་ལག་ཁྱེར་ཡང་གནང་བ་རེད།

    མཚོ་དམག་གི“ཞི་བདེའི་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”དང“རྒྱ་མཚོའི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་ལག་ལེན་དུ་བསྟར་བ། རྒྱལ་ཁབ་ཀྱི་ཆབ་སྲིད་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཕྱི་རུ་ཐེངས་དགུ་བསྐྱོད་པ་དང་། མཚོ་ལེ་འབུམ་གཉིས་དང་ཁྲི་བཞི་ལྷག་ཙམ་མཚོ་འགྲུལ་བྱས་ནས་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ལྷག་ཙམ་ལ་འཚམས་འདྲི་བྱས་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་གཙོ་བདག་དང་སྐུ་མགྲོན་སྟོང་གཉིས་ལྷག་ཙམ་ལ་གཟིགས་ཞིབ་དང་ལྟ་སྦྱོང་གནང་བར་ཕེབས་བསུར་ཞུས་ནས། མི་ཁྲི་ཉེར་གསུམ་ལྷག་ཙམ་ལ་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།