ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ཧྥུན་ཧི་ཡིས་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝེ་ཧྥུན་ཧི་ཡིས་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དོན་འབྲེལ་བ་དང་དུས་རིམ་རྗེས་མའི་དམག་དཔུང་གཉིས་ཀྱི་འགྲོ་འོང་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཝེ་ཧྥུན་ཧི་ཡིས་ཧེ་ནན་དང་ཐེ་ཝན། ཨ་མེ་རི་ཁ་བཅས་ཀྱི་གནད་དོན་ཐད་ནས་ཀྲུང་གོའི་རྩ་དོན་ལངས་ཕྱོགས་བསྟན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ནོར་འཆུག་གི་གཏམ་སྤྱོད་མཚམས་འཇོག་པ་དང་མཚོ་ཐོག་གི་ཉེན་ཁའི་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། གནས་བབ་ཚབས་ཆེན་དུ་འགྱུར་བའི་ཉེན་ཁའི་བྱ་སྤྱོད་སྔོན་འགོག་སྒོས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན། 

ཨེ་སི་པའོ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཛ་དྲག་ཡིན་པའི་སྐབས་སུ་དམག་དཔུང་གཉིས་ཀྱིས་གྲོས་མོལ་སྲུང་འཛིན་བྱེད་པ་དང་ཉམས་ཉེན་ཚོད་འཛིན་བྱེད་པ། ནོར་འཆུག་གི་བརྡར་གཅོད་སྔོན་འགོག་བྱས་ནས་ཉེན་ཁ་ཇེ་དམའ་རུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།