ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་པ་ནི་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་རྣམ་པ་གཙོ་བོ་ཡིན། ལོ་ལྔའི་འཆར་གཞིའི་སྒྲིག་ལུགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་འབྲེལ་བ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་པོ་ཡོད་པས། སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་བློ་བསྡུས་དགེ་འཚོལ་བྱས་ཏེ། རིམ་མཐོའི་ཇུས་འགོད་ལ་ཤུགས་སྣོན་དང་དམངས་དོན་འཆར་འགོད་རྒྱུན་འཁྱོངས་བྱེད་རྒྱུ་ཟུང་འབྲེལ་བྱེད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་སྐུལ་མ་བཏང་སྟེ་རྣམ་པ་སྣ་ཚོགས་སྤྱད་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་བར་བློ་འདོན་ཇུས་འབུལ་བྱེད་དགོས་ལ། སྤྱི་ཚོགས་ཀྱི་རེ་སྒུག་དང་མང་ཚོགས་ཀྱི་བློ་གྲོས། ཆེད་མཁས་པའི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་སོགས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྒྲིག་ལུགས་ཁྲོད་དུ་དང་ལེན་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་ལོ་ལྔའི་འཆར་གཞི་བཅུ་བཞི་བར་སྒྲིག་བཟོ་གང་ལེགས་བྱེད་དགོས་ཟེར།

རང་རྒྱལ་གྱིས་ཉིས་སྟོང་ཉེར་གཅིག་ལོ་ནས་བཟུང་ལོ་ལྔའི་འཆར་གཞི་བཅུ་བཞི་བ་ལག་བསྟར་བྱེད་རྒྱུ་ཡིན་ལ། མིག་སྔར་ཏང་ཀྲུང་དབྱང་གིས་རྩ་འཛུགས་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གྲོས་གཞི་གཏན་འཁེལ་བྱེད་བཞིན་ཡོད། ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་འཆར་འགོད་སྒྲིག་ལུགས་བྱ་བའི་བཀོད་སྒྲིག་ལྟར། འབྲེལ་ཡོད་ཕྱོགས་ཀྱིས་ཉེ་བའི་དུས་སྐབས་ཤིག་ལ་རྣམ་པ་སྣ་ཚོགས་སྤྱད་དེ་ལས་བྱེད་པ་དང་མང་ཚོགས། ཆེད་མཁས་པ་དང་ཤེས་ཡོན་ཅན་སོགས་ལ་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ཐད་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།