ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་བར་གཅིག་འདུས་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་སྲིད་ཇུས་འགའ་ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་དུས་རབས་གསར་བར་གཞི་འདུས་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་སྲིད་ཇུས་འགའ་ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

སྲིད་ཇུས་འགའ་ལས་བསྟན་དོན། ནོར་སྲིད་དཔྱ་ཁྲལ་དང་མ་དངུལ་གཏོང་གསོག ཞིབ་འཇུག་གསར་སྤེལ། ཕྱིར་གཏོང་ནང་འདྲེན། ཤེས་ལྡན་མི་སྣ། ཤེས་བྱའི་ཐོན་དབང་། ཚོང་རའི་བེད་སྤྱོད། རྒྱལ་སྤྱིའི་མཉམ་ལས་བཅས་ཕྱོགས་བརྒྱད་ཀྱི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱས་ཏེ་ཁྱབ་སྒྲོག་བྱས། སྔར་ལས་ལྷག་པའི་སྒོ་ནས་སྒྲིག་ལུགས་རྐྱེན་སྲོལ་གསར་གཏོད་དང་གཅིག་འདུས་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་བཏང་སྟེ། ཤུགས་ཆེན་པོས་གཅིག་འདུས་གློག་ལམ་ཁྱབ་ཁོངས་དང་མཉེན་ཆས་ཁྱབ་ཁོངས་ཀྱི་ཁེ་ལས་གསོ་སྤེལ་བྱས། གཅིག་འདུས་གློག་ལམ་དང་མཉེན་ཆས་ཀྱི་ཆེད་ལས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་ལམ་ལུགས་དངོས་འབེབ་ནན་མོ་བྱས་ཏེ། ཐོན་ལས་ཀྱི་མཉམ་འདུས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཟེར། 

སྲིད་ཇུས་འགའ་ལས་གསལ་བོར་བསྟན་དོན། ཀྲུང་གོའི་མངའ་ཁོངས་སུ་བཙུགས་པའི་གཅིག་འདུས་གློག་ལམ་ཁེ་ལས་དང་མཉེན་ཆས་ཁེ་ལས་གང་ཡིན་ཡང་ལམ་ལུགས་ངོ་བོའི་ཁྱད་པར་མེད་པར་ཚང་མས་གཏན་འཁེལ་ལྟར་འབྲེལ་ཡོད་སྲིད་ཇུས་ཉམས་སུ་མྱངས་ཆོག གཅིག་འདུས་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་ཀྱི་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་དང་ཁྲིད་སྟོན་བྱས་ནས། ཧུར་ཐག་སྒོས་རིགས་སོ་སོའི་ཚོང་ར་གཙོ་བོས་ཀྲུང་གོ་ནས་དངུལ་གཏོང་ལས་སྤེལ་བྱེད་པར་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་བསྐྲུན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།