ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞིའི་སྣེ་ཁྲིད་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་ནས། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞིའི་སྣེ་ཁྲིད་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་ནས། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་བརྟན་འཇགས། སྒུལ་ནུས་ཇེ་ཆེར་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་འགྲེམ་སྤེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། ཧུར་ཐག་སྒོས་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞི་དེ་ལས་སྤེལ་ལས་ཞུགས་ཀྱི་ནང་དོན་གཙོ་བོ་དང་མཉམ་བསྲེས་གསར་སྐྲུན་གྱི་སྣེ་ཁྲིད་ཚད་ཤིང་། སྤོབས་པ་ཆེན་པོས་ལས་སྤེལ་བྱེད་པའི་གཅིག་བསྡུས་སྟེགས་བུ། འཛམ་གླིང་ཅན་གྱི་ལས་སྤེལ་གྱི་ཁོར་ཡུག་ལེགས་པོ། ཁྱོན་ཡོངས་ནས་གསར་སྐྲུན་བཅོས་སྒྱུར་བྱེད་པའི་དཔེ་སྟོན་དུ་འགྱུར་བར་བྱས་ནས། རང་རྒྱལ་གྱི་གསར་སྐྲུན་ལས་སྤེལ་དེ་སྤུས་ཚད་མཐོ་བར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

བསམ་འཆར་ལས་ཕྱོགས་དྲུག་ནས་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞིའི་སྣེ་ཁྲིད་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན་ཡོད། གཅིག ལས་སྤེལ་ཁེ་ལས་ཀྱི་དཀའ་ཁག་སེལ་བའི་སྲིད་ཇུས་དངོས་འབེབས་བྱེད་དགོས། གཉིས། སྤྱི་ཚོགས་ཞབས་ཞུའི་ལས་སྤེལ་གྱིས་ལས་ཞུགས་ལ་སྣེ་ཁྲིད་པའི་དཔེ་སྟོན་འགུལ་སྐྱོད་ལག་བསྟར་བྱེད་དགོས། གསུམ། ཁེ་ལས་ཆེ་འབྲིང་གི་མཉམ་བསྲེས་གསར་སྐྲུན་དང་སྐྱེ་ཁམས་གསར་སྐྲུན་བྱེད་དགོས། བཞི། དངུལ་རྩའི་ཞབས་ཞུའི་གསར་སྐྲུན་ལས་སྤེལ་དཔེ་སྟོན་འཛུགས་སྐྲུན་བྱེད་དགོས། ལྔ། སྒོ་འབྱེད་ལས་སྤེལ་གྱི་ནང་དོན་ཕུན་སུམ་ཚོགས་པར་གཏོང་དགོས། དྲུག བཟོད་སྒོམ་གསར་སྐྲུན་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།