ཝུའུ་ཧན་དུ་སློབ་གྲྭའི་ནང་དུག་སེལ་བཟང་པོ་བྱས་ནས་བསྐྱར་དུ་སློབ་གྲྭ་འཚོགས་པར་གྲ་སྒྲིག་བྱེད་བཞིན་པ།

MAIN202008040834000556250076497.jpg

MAIN202008040834000542861371921.jpg

MAIN202008040834000547442522136.jpg

MAIN202008040834000568714492216.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས3ཉིན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧན་དབྱང་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་གསོད་མེ་འགོག་པ8ཀྱིས་ཆེད་ལས་ཀྱི་སྒྲིག་ཆས་འཁྱེར་ནས་ཝུའུ་ཧན་གྲོང་ཁྱེར་གྱི་ཞག་སྡོད་སློབ་འབྲིང་གསུམ་པའི་སློབ་ཁྲིད་ཐོག་ཁང་དང་། ཚོད་ལྟའི་ཐོག་ཁང་། གཞུང་ལས་ཐོག་ཁང་། ཟ་ཁང་སོགས་སུ་ཕྱོགས་ཡོངས་ནས་དུག་སེལ་བྱས་ཏེ་དགེ་རྒན་དང་སློབ་མ་རྣམས་ཕྱིར་སློབ་གྲྭར་ལོག་པར་གྲ་སྒྲིག་བྱེད་བཞིན་མཆིས། ཝུའུ་ཧན་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཝུའུ་ཧན་གྱི་དམའ་འབྲིང་དུས་མཚམས་ཀྱི་དམའ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་རྣམས་ཟླ7ཚེས5ཉིན་ནས་དྲ་ཐོག་གི་སློབ་ཁྲིད་མཇུག་འགྲིལ་ཞིང་། དགེ་སློབ་རྣམས་གུང་གསེང་ལ་རོལ་བ་དང་། ཟླ8ཚེས10ཉིན་ཕྱིར་སློབ་གྲྭར་ལོག་ནས་སློབ་སྦྱོང་བྱས་ཏེ་ཟླ8ཚེས30ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།