ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ཐིན་གྱིས་བརྡ་ཐོ་བཏང་སྟེ་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བའི་པོད་གསུམ་པར་སློབ་སྦྱོང་དང་ལག་ལེན་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ཐིན་གྱིས་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་རྩ་འཛུགས་ཞིབ་མོ་བྱས་ཏེ་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ་ཞེས་པའི་པོད་གསུམ་པར་སློབ་སྦྱོང་དང་ལག་ལེན་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་ཡུན་རིང་གི་ཆབ་སྲིད་ལས་འགན་ཞིག་ཡིན་པས། ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ་ཞེས་པའི་པོད་གསུམ་པ་དང་པོད་དང་པོ། པོད་གཉིས་པ་བཅས་ཚོགས་སྤྱི་ཞིག་ཏུ་བརྩི་དགོས་པ་དང་།  དཔོན་དམག་རྣམས་རྩ་འཛུགས་བྱས་ཏེ་མ་རྩོམ་ཀློག་པ་དང་མ་ཡིག་ལ་སློབ་སྦྱོང་བྱེད་པ། རྩ་བའི་རིགས་པ་ཁོང་དུ་ཆུད་པར་བྱས་ནས་མུ་མཐུད་དུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་པར་མ་ཟད། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས་ཟེར།

བརྡ་ཐོའི་ནང་བསྟན་དོན། ཁྱོན་ཡོངས་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྟེང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་བཟང་བོ་བྱེད་རྒྱུ་འབུར་དུ་ཐོན་པར་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་སྤེལ་སྐོར་གླེང་བ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་སྤེལ་སྐོར་གླེང་བ་ཞེས་པའི་ཁག་གཉིས་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པའི་སློབ་སྦྱོང་རྩ་གནད་བཅས་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། དགོངས་པའི་མ་ལག་དང་ཉིང་བཅུད་དོན་སྙིང་ལ་ཁྱོན་ཡོངས་ནས་གོ་བ་ཟབ་མོ་བླངས་ནས། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲོད་དུ་ཟིན་པའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།