ཀྲུང་གོ་བོད་ཀྱི་དྲ་བ།

ཏ་ལན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ནད་པ་སྐྱོབ་བཅོས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7ཚེས་30ཉིན་གྱི་ཆུ་ཚོད་24བར་ཏ་ལན་གྲོང་ཁྱེར་དུ་ས་ཆ་དེ་རང་གི་གཏན་འཁེལ་བའི་ནད་དཔེ་11མང་དུ་ཕྱིན་པས་རིམ་རྩིས་བྱས་ན་གཏན་འཁེལ་བའི་ནད་དཔེ་ཁྱོན་68ཟིན་ཡོད། མིག་སྔར་ནད་དཔེ་ཚང་མ་ཏ་ལན་གྲོང་ཁྱེར་མི་དམངས་སྨན་ཁང་དྲུག་པར་གཅིག་སྡུད་ལོགས་འཇོག་སྨན་བཅོས་བྱེད་ཀྱི་ཡོད་པས་ནད་གཞིའི་གནས་ཚུལ་ཞི་ལྷོད་དུ་སོང་ཡོད་པ་རེད།

ཏ་ལན་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་ནད་པ་སྐྱོབ་བཅོས་བྱས་ཏེ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་སྔོན་བཤེར་ཁག་བགོས་སྨན་བཅོས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་འཕྲལ་མར་ཞུགས་ཏེ་ཚད་གཞི་མཐོ་ཤོས་ཐོག་ནས་སྔོན་བཤེར་ཁག་བགོས་སྨན་བཅོས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་སྒྲིག་གཞིའི་མི་སྣར་དོ་དམ་ཚོད་འཛིན་ནན་པོ་བྱས་ཡོད། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྟོབས་ཤུགས་ཆེ་རུ་བཏང་ནས་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་བརྡ་གཏོང་བའི་ནུས་པ་ཆེ་རུ་བཏང་སྟེ་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་མི་སྣ་ཚང་མར་ཉིང་སྐྱུར་བརྟག་དཔྱད་བྱས་ཡོད།

ཏ་ལན་གྲོང་ཁྱེར་མི་དམངས་སྨན་ཁང་དྲུག་པའི་ནད་ཁྲི་སྟོང་པ་ཡོད་པར་བྱེད་པའི་ལས་དོན་ཚང་མ་ལེགས་གྲུབ་བྱུང་ནས་ད་ཆ་སྤྱོད་ཆོག་པའི་ནད་ཁྲི་527ཡོད་པས་ཏོག་གསར་གློ་ཚད་ཕོག་པར་སྨན་བཅོས་བྱེད་པའི་ནུས་པ་ལྡན་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།