ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུས་མཉམ་འབྲེལ་ཐོག“དུས་རབས་གསར་བའི་གསར་བརྗེའི་དམག་མི་ཡག་ཤོས”13ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བཅས་བྱ་ཆེད་དང་། མི་དམངས་དམག་དཔུང་འཛུགས་སྐྱོང་གི་སྒྱུར་བཅོས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་གང་ལེགས་མཚོན་པ། “བཞི་ལྡན”གྱི་དུས་རབས་གསར་པའི་གསར་བརྗེའི་དམག་མིའི་དཔའ་ཉམས་གསོན་ཉམས་དོད་པོས་མངོན་པར་བྱེད་པ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་སྙིང་སྟོབས་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་ཆེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ93འཁོར་བའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་ཡིས་མཉམ་འབྲེལ་ཐོག“དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡག་ཤོས”13ཡོངས་བསྒྲགས་བྱས་པ་རེད།

མཱ་ཧོ་ཕཱ་ལི་དང་། མའོ་ཆིང་། ཧོ་ལུང་། ཁྲེན་ཅིང་། ཡའོ་ཁའེ། ཀྲུང་གཡོད་ཞ། ཧྲ་ཙི་ཀ ཁྲུན་ཅིང་། ཀྲང་ཅུན་ཁའེ། ཧོང་ཝུན་ཅེ། ཏུང་ཀའོ། ཀྲང་ཞའོ་ཕུང་། པུའུ་ཧ་སོགས་དཔོན་དམག་13ནི། མི་དམངས་དམག་དཔུང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་ཞིག་རེད། ཁོང་ཚོའི་ཁྲོད། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་དང་དཔོན་དམག་གི་སྣེ་ཁྲིད་དེ་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་ངར་ཤུགས་ལྡན་པའི་སྦྱོང་བརྡར་སྤྲོད་མཁན་གྱི་གཞི་རིམ་ལས་བྱེད་པ་དང་། ཕུགས་འདུན་བློ་ལ་བཅངས་བ་དང་དཀའ་ཚེགས་ཆེན་པོས་འཕུར་སྐྱོད་སྦྱོང་བརྡར་བྱས་ནས་རྒྱལ་ཁ་ལེན་པའི་འཇོན་ཐང་ལྡན་པའི་མཁའ་དམག་དམག་མི། ལྷག་བསམ་ཟོལ་མེད་ངང་འགན་འཁྲི་འཁུར་ཕོད་པ་དང་རང་མིང་ངོ་མ་སྦ་གསང་བྱེད་མཁན་གྱི་ཚན་རྩལ་རིགས་གཅིག་མཁས་ཅན། དམག་སྦྱོང་དམག་གྲབས་ལ་དམ་པོར་དམིགས་ཏེ་བློ་གཅིག་སེམས་གཅིག་གིས་ཞབས་ཞུ་འགན་ལེན་དང་འགན་ལེན་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་མཁན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྩེར་སོན་དམག་མི། བཀའ་འབྱོར་རྗེས་བྱ་སྤྱོད་སྤེལ་བ་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པ། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། འགན་འཁྲིར་ངོ་མི་གནོང་བ་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་མངོན་གསལ་ཕུལ་མཁན་གྱི་སྨན་དོན་མི་སྣ་བཅས་ཡོད་པ་མ་ཟད། ད་དུང་རྩ་བའི་དམིགས་ཡུལ་ལག་བསྟར་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དབུལ་སྐྱོར་ལས་དོན་གྱི་རུ་མི་ཡང་ཡོད། ཁོང་ཚོས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་བློ་ལ་བརྟན་པོར་འཆང་བ་དང་། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་པ་བཅས་ཀྱི་ཐོག་ནས་དམག་ཡོངས་ཀྱི་དཔུང་སྡེས་བླ་སྲོག་ལྡན་པ་དང་། འཇོན་ཐང་ལྡན་པ། གཞུང་དྲང་ལྡན་པ། ཀུན་སྤྱོད་ལྡན་པ་བཅས་ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་བྱེད་པའི་མངོན་གསལ་དོད་པའི་གྲུབ་འབྲས་གང་ལེགས་མཚོན་ཡོད།

རྒྱ་ཆེའི་དཔོན་དམག་ཚོས། “དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡག་ཤོས”ལ་སློབ་སྦྱོང་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། དམག་ཨུད་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་སྦྱོང་དམག་གྲབས་བྱེད་པ། སྙིང་རུས་ཆེན་པོས་གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་འདི་ཉིད་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།