ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་དུ་གཞི་ཁྱོན་ཡན་སླེབས་པའི་དྲ་སྦྲེལ་ཁེ་ལས་ཀྱི་ལས་སྒོའི་ཡོང་འབབ་དུས་མཚུངས་ལས14.1%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་གསར་འགོད་པས་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་པར། ལོ་སྟོད་དུ་རང་རྒྱལ་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ལས་རིགས་རིམ་གྱིས་ལེགས་སུ་འགྲོ་བའི་རྣམ་པ་ཐོན་ནས་གཞི་ཁྱོན་ཡན་སླེབས་པའི་དྲ་སྦྲེལ་ཁེ་ལས་ཀྱིས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར5907ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས14.1%འཕར་ནས་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས12.6མཐོ་རུ་ཕྱིན་ཡོད་པ་རེད།

ལས་གཉེར་ཡོང་འབབ་གྲངས་གནས་གཉིས་འཕར་བ་སླར་གསོ་བྱུང་བ་དང་ཆབས་ཅིག་ལས་རིགས་ཀྱི་ཁེ་སྤོགས་ཀྱང་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ཞིང་། ལོ་སྟོད་དུ་ལས་རིགས་ཧྲིལ་པོར་ལས་གཉེར་ཁེ་སྤོགས་སྒོར་དུང་ཕྱུར521.6བྱུང་བ་དེ་དུས་མཚུངས་ལས2.8%འཕར་ནས་དུས་ཚིགས་དང་པོའི་ཆེས་ཆེར་ཆག་པའི་རྣམ་པར་ཁ་ལོ་བསྒྱུར་ཡོད། དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། ལོ་སྟོད་དུ་ལས་རིགས་ཧྲིལ་པོའི་ཞིབ་སྤེལ་ཐད་མ་དངུལ་གཏོང་རྒྱུ་རྒྱུན་མཐུད་འཕར་མགྱོགས་པའི་རྣམ་པ་མངོན་ཞིང་། ཞིབ་སྤེལ་ཐད་སྒོར་དུང་ཕྱུར313.4བཏང་བ་དེ་དུས་མཚུངས་ལས10.7%འཕར་ནས་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས10.7མཐོ་རུ་ཕྱིན་ཡོད་པ་རེད།

ལས་སྒོ་དབྱེ་ནས་བལྟས་ན། ཆ་འཕྲིན་ཞབས་ཞུའི་ཡོང་འབབ་འཕར་མགྱོགས་པའི་ནང་སྒྲ་ལམ་དང་བརྙན་ལམ་གྱི་ཞབས་ཞུ་འཕར་ཚད་མངོན་གསལ་དོད་ཤོས་ཡིན། ལོ་སྟོད་དུ་དྲ་སྦྲེལ་ཁེ་ལས་ཀྱིས་དྲ་རྒྱའི་རོལ་དབྱངས་དང་། བརྙན་ལམ། དྲ་རྒྱའི་དཔེ་ཀློག་སོགས་ཚུད་པའི་ཆ་འཕྲིན་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར3577ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས16.3%འཕར་ནས་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས5.2མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་དྲ་སྦྲེལ་ལས་སྟེགས་ཀྱི་ཞབས་ཞུའི་ཡོང་འབབ་མགྱོགས་མྱུར་འཕར་ནས་དྲ་ཐོག་སློབ་གསོ་དང་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་ཁེ་ལས་སྔོན་དུ་སླེབས་ཡོད། ལོ་སྟོད་དུ་དྲ་སྦྲེལ་ལས་སྟེགས་ཞབས་ཞུའི་ཁེ་ལས་ལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1728བྱུང་བ་དེ་དུས་མཚུངས་ལས13.6%འཕར་ནས་འཕར་ཚད་ཟླ་དང་པོ་ནས་ལྔ་པའི་བར་ལས་བརྒྱ་ཆའི་གྲངས8.7མཐོ་རུ་ཕྱིན་ཡོད། གཞན་ཡང་དྲ་སྦྲེལ་གྱི་གྲངས་གཞིའི་ཞབས་ཞུ་འཕར་ཚད་ཅུང་མགྱོགས་ཤིང་། ལོ་སྟོད་དུ་དྲ་སྦྲེལ་ཁེ་ལས་ཀྱིས་སྤྲིན་ཚོམ་ཞབས་ཞུ་དང་གྲངས་གཞི་ཆེ་མོ་སོགས་དྲ་སྦྲེལ་གྱི་གྲངས་གཞིའི་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར87.6ཟིན་པ་དེ་དུས་མཚུངས་ལས14.3%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།