ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས“རང་སྨྱན་སྦྱོར”གྱི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཟླ7པའི་ཚེས29ཉིན་ནས་བཟུང་། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་བ་གསུམ་རིང་གི“རང་སྨྱན་སྦྱོར”གྱི་རྨང་གཞིའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། དོ་དམ་རྨང་གཞི་བརྟན་དུ་བཏང་སྟེ“རང་སྨྱན་སྦྱོར”སྐྱོན་བྲལ་རིམ་ལྡན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གི་འགན་འཁུར་བས། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ལ་གནད་དོན་ཡོད་པའི་སྤྱི་སྟེགས་ཨང་རྟགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱ་རྒྱུ་རྨང་གཞི་དང་རིམ་དབྱེ་རིགས་དབྱེའི་དོ་དམ་སྐུལ་སྤེལ་བྱ་རྒྱུ་གཙོ་གནད་དུ་བྱས་ནས། ལས་སྟེགས་དང་། སྤྱོད་མཁན། གཏོགས་ཁོངས་བཅས་ཀྱི་དོ་དམ་འགན་འཁྲི་སྔར་བས་ནན་དུ་གཏོང་རྒྱུ་དང་། སྐད་འཕྲིན་དང་དཔོད་ཕྲན་སོགས་ལས་སྟེགས་གཙོ་བོ་13གྱི་སྤྱི་སྟེགས་ཨང་རྟགས་རིམ་དབྱེ་རིགས་དབྱེར་གཙོ་གནད་དུ་སྐུལ་འདེད་བཏང་ནས། “རང་སྨྱན་སྦྱོར”ཚད་ལྡན་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། འབྲེལ་ཡོད་ཁྲིམས་སྲོལ་བཟོ་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག“རང་སྨྱན་སྦྱོར”ཨང་རྟགས་ཀྱི་ནང་དོན་ཐོན་སྐྱེད་དང་གཉེར་སྐྱོང་གི་བྱ་སྤྱོད་ཚད་གཞི་གཙོ་གནད་དུ་འཐུས་སྒོ་ཚང་དུ་བཏང་ནས། ལས་སྟེགས་འཁོར་གཉེར་སྒྲིག་སྲོལ་ལེགས་སུ་གཏོང་རྒྱུ། ལག་རྩལ་ལ་བརྟེན་ནས་དྲ་རྒྱ་བཅོས་སྒྲིག་བྱེད་པའི་ནུས་པ་འཛུགས་སྐྱོང་ཤུགས་ཆེར་བཏང་ནས་ཚད་ལྡན་དོ་དམ་ལ་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ། དྲང་ཕྱོགས་སྐུལ་སློང་ལམ་སྲོལ་བཙུགས་ཤིང་འཐུས་ཚང་དུ་བཏང་ནས། “རང་སྨྱན་སྦྱོར”གཉེར་སྐྱོང་གི་བྱེད་པོ་ཁག་ལ་སྤུས་ཚད་ལེགས་པའི་ཆ་འཕྲིན་ནང་དོན་ཐོན་སྐྱེད་བྱ་རྒྱུའི་ཁྲིད་སྟོན་དང་ལྕག་སྐུལ་བྱེད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།