ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་དྲ་རྒྱའི་རོལ་རྩེད་ཀྱི་དངོས་མིང་ངོས་འཛིན་ར་སྤྲོད་མ་ལག་ཟླ9བའི་སྔོན་ལ་ཤར་གཏོང་ཐུབ་པར་རེ་བ་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས30ཉིན་འཚོགས་པའི2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་མཉམ་འགུལ་རོལ་རྩེད་འགྲེམས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། གཞོན་ནུ་ལོ་ཆུང་རྣམས་དྲ་བའི་རོལ་རྩེད་ལ་ཞུགས་པར་སྔོན་འགོག་བྱ་ཆེད། རང་རྒྱལ་གྱིས་དྲ་རྒྱའི་རོལ་རྩེད་ཀྱི་དངོས་མིང་ངོས་འཛིན་ར་སྤྲོད་མ་ལག་གི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་ལ། འཆར་གཞི་ལྟར་ན་ཟླ9བའི་སྔོན་ལ་ཤར་གཏོང་ཐུབ་རྒྱུ་རེད།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དཔེ་སྐྲུན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧྥེང་ཧྲི་ཤིན་གྱིས་ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་མཉམ་འགུལ་རོལ་རྩེད་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག་བཤད་རྒྱུར། 2020ལོའི་ལོ་སྟོད་དུ། རང་རྒྱལ་གྱི་དྲ་རྒྱའི་རོལ་རྩེད་ལ་ལྡོག་འཕེལ་གྱི་རྣམ་པ་བཟང་པོ་ཞིག་མངོན་པས་དམིགས་བསལ་དུས་སྐབས་ཀྱི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་དྲ་རྒྱའི་རོལ་རྩེད་ཐོན་ལས་ལ་སྔར་བཞིན་ལས་རིགས་ཀྱི“གསར་གཏོད་ལྡན་པ་དང་། སྤུས་ཀ་ལེགས་པ། དྲོད་ཚད་ལྡན་པ”བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་མང་པོ་འབྱུང་བའི་མི་མངོན་པའི་ནུས་ཤུགས་ལྡན་ཡོད།

གཞན་ཡང་གཞོན་ནུ་ལོ་ཆུང་ཁག་གཅིག་དྲ་བའི་རོལ་རྩེད་ལ་ཞུགས་པ་དང་འཛད་སྤྱོད་ཐལ་དྲགས་བྱེད་པ་སོགས་ཀྱི་གནད་དོན་འབྱུང་བཞིན་ཡོད་པས་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་དོ་ཁུར་བྱེད་བཞིན་ཡོད། ཧྥེང་ཧྲི་ཞིན་གྱིས་བཤད་རྒྱུར། རང་རྒྱལ་གྱིས་མགྱོགས་མྱུར་སྒོས་རྒྱལ་ཁབ་ཀྱི་ངོས་ནས་དངོས་མིང་ངོས་འཛིན་ར་སྤྲོད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། འཆར་གཞི་ལྟར་ན་ཟླ9བའི་སྔོན་ལ་ཤར་གཏོང་བྱ་རྒྱུ་དང་དེ་དུས་རིམ་བཞིན་དུ་ཁེ་ལས་ཁག་བགོས་ནས་འབྲེལ་མཐུད་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་སྔར་ལས་ལྷག་པར་དྲ་རྒྱའི་རོལ་རྩེད་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱུ་དང་། སྒྲིག་འགལ་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་ཡིད་རྟོན་ཡིག་ཚགས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ལས་དོན་མ་བསྒྲུབས་གོང་ཞིབ་མཆན་འགོད་པ་དང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ལ་ལྟ་སྐུལ་དོ་དམ་མཉམ་འགུལ་ལམ་སྲོལ་བཙུགས་ནས་ལས་རིགས་ཀྱི་སྐྱེ་ཁམས་དང་ཚོང་རའི་སྒྲིག་ལམ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་རྒྱུ་རེད། ད་ལོའི་ལོ་སྟོད་ཁོ་ནར་ཁྲིམས་འགལ་གཉེར་སྐྱོང་དང་། དྲ་ཐོག་གི་ནང་དོན་རང་དགར་སྒོས་བཟོ་བཅོས་རྒྱག་པ་སོགས་ཀྱི་གནད་དོན་སྐོར་ཞིག་ལ་ཐག་གཅོད་ནན་མོ་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།