ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི120ལས་བརྒལ་བ།

འཁོར་སྐྱོད་བརྟན་པོའི་ངང་སླར་གསོ་བྱུང་བ་དང་མ་གནས་བརྟན་པོའི་ཁྲོད་ཆག་པ།

ཟླ7པའི་ཚེས28ཉིན་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷ་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི123.4ཟིན་ཞིང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། དུས་མཚུངས་ལས0.5%ཆག་པ་དང་ཆག་ཚད་ཟླ་དང་པོ་ནས་ལྔ་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས1.7ཉུང་དུ་སོང་བ་དེ་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས6.9ཉུང་དུ་སོང་སྟེ་ཟླ་བཞི་བསྟུད་མར་ཉུང་དུ་སོང་ཡོད།

གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་བརྟེན། ཟོག་འགྲེམས་འཁོར་སྐྱོད་མགྱོགས་མྱུར་སླར་གསོ་བྱུང་བ་དང་ཟོག་འགྲེམས་ཀྱི་དགོས་མཁོའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཞིང་། ལྷག་པར་དུ་དམངས་འཚོའི་ཁྱབ་ཁོངས་ཀྱི་ཟོག་འགྲེམས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། ཟོག་འགྲེམས་ཁྲོམ་རའི་གཞི་ཁྱོན་དང་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་ཟོག་འགྲེམས་མ་གནས་བརྟན་པོའི་ཁྲོད་ཆག་ཡོད་པ་རེད།

ཟོག་འགྲེམས་ཀྱི་དགོས་མཁོའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་དང་དམངས་འཚོའི་དགོས་མཁོ་རྒྱུན་མཐུད་ལེགས་སུ་ཕྱིན་པ།

ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ཞིང་ཞོར་ཐོན་རྫས་ཀྱི་ཟོག་འགྲེམས་དགོས་མཁོ་བརྟན་པོའི་ངང་འཕར་བ་དང་། བཟོ་ལས་ཟོག་འགྲེམས་དགོས་མཁོ་དལ་བའི་ཁྲོད་བརྟན་དུ་ཕྱིན་པ། འཛད་སྤྱོད་དང་དམངས་འཚོ་དང་འབྲེལ་བའི་ཟོག་འགྲེམ་དགོས་མཁོ་མགྱོགས་མྱུར་སླར་གསོ་བྱུང་བ། ཟོག་འགྲེམས་ཀྱི་དགོས་མཁོའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་བཅས་ཀྱི་རྣམ་པ་ཐོན་ཡོད།

བཟོ་ལས་ཟོག་འགྲེམས་ཆག་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཞིང་། ལོ་སྟོད་དུ་བཟོ་ལས་ཀྱི་ཟོག་འགྲེམས་ཆག་ཚད་ཟླ་དང་པོ་ནས་ཟླ་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་1.5ཉུང་དུ་སོང་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་7.1ཉུང་དུ་སོང་ཡོད། སྒྲིག་བཀོད་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་འཕར་ཏེ་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་གསར་དར་ཐོན་རྫས་མུ་མཐུད་འཕར་ཡོད། སྒུལ་ནུས་གསར་པ་དང་འབྲེལ་བའི་ཟོག་འགྲེམས་ཀྱི་དགོས་མཁོ་ཤུགས་ཆེན་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱུང་སྟེ་བསྐྱར་འཕར་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

དམངས་འཚོའི་ཟོག་འགྲེམས་དགོས་མཁོ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཞིང་། ལོ་སྟོད་དུ་ཚན་པ་དང་གྲོང་མིའི་དངོས་ཟོག་གི་ཟོག་འགྲེམས་བསྡོམས་འབོར་10.1%འཕར་བའི་མྱུར་ཚད་དེ་ཟླ་དང་པོ་ནས་ཟླ་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་2.8མཐོ་རུ་ཕྱིན་པ་དང་། དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་9.2ཀྱིས་མཐོ་རུ་སོང་ཡོད་པ་རེད།

ཕྱིར་གཏོང་ཟོག་འགྲེམས་དགོས་མཁོའི་གྲངས་འབོར་མངོན་གསལ་དོད་པོས་འཕར་ཅིང་། ལོ་སྟོད་དུ་རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་བབ་ལེགས་སུ་ཕྱིན་ཏེ། རང་རྒྱལ་གྱིས་སྔོན་ལ་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་བར་བརྟེན་ནང་འདྲེན་དངོས་ཟོག་གི་དགོས་མཁོ་བརྟན་པོའི་ངང་འཕར་བར་རྒྱབ་སྐྱོར་ཐུབ་པ་མ་ཟད། དངོས་ཟོག་ཚོང་ལས་ནང་འདྲེན་བྱེད་ཚད་8.3%འཕར་བ་དང་འཕར་ཚད་དེ་ཟླ་དང་པོ་དང་ཟླ་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་4ཡིས་མཐོ་བ་ཡོད་པ་རེད།

ཟོག་འགྲེམས་མཁོ་སྤྲོད་ཀྱི་གཞི་ཁྱོན་བརྟན་པོའི་ངང་སླར་གསོ་བྱུང་བ་དང་འཕར་བའི་རྣམ་པ་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ།

ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ཟོག་འགྲེམས་དར་བའི་ཆུ་ཚད་མགྱོགས་མྱུར་སླར་གསོ་བྱུང་སྟེ་ཟོག་འགྲེམས་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་སླར་གསོ་ཐུབ་ཡོད་པ་རེད།

ཁྲོམ་རའི་གཞི་ཁྱོན་ནས་བལྟས་ན། ལོ་སྟོད་དུ་ཟོག་འགྲེམས་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་4.6ཟིན་ནས་དུས་མཚུངས་ལས་2.7%ཆག་པ་དང་། ཆག་ཚད་དེ་ཟླ་དང་པོ་ནས་ཟླ་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་3.2ཉུང་དུ་སོང་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་9.4ཉུང་དུ་སོང་ཡོད། དུས་ཚིགས་གཉིས་པར་ཟོག་འགྲེམས་ལས་རིགས་ཀྱི་སྤྱིའི་ཡོང་འབབ་གཞི་ཁྱོན་དེ་དུས་ཚིགས་དང་པོ་ལས་སྒོར་དུང་ཕྱུར་ཁྲི་0.8འཕར་ཡོད། དེའི་ཁྲོད་མྱུར་སྐྱེལ་ཟོག་འགྲེམས་ཁྲོམ་རའི་གཞི་ཁྱོན་མགྱོགས་མྱུར་འཕར་བ་མ་ཟད་ཟླ་བ་གསུམ་བསྟུད་མར་བསྐྱར་འཕར་བྱུང་ཡོད། ལོ་སྟོད་ལས་12.0%འཕར་བ་དང་འཕར་ཚད་ཟླ་དང་པོ་དང་ཟླ་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་2.5ཡིས་མཐོ་བ་ཡོད་པ་རེད།

ཀྲུང་གོ་ཟོག་འགྲེམས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཧོ་ཧུའེ་ཡིས། ཟླ་དྲུག་པར་རྒྱལ་ནང་ཁྲོམ་རས་ལྷོ་ཕྱོགས་ཀྱི་ཆུ་སྐྱོན་གྱི་ཤུགས་རྐྱེན་ཁྱད་བསད་བྱས་པར་བརྟེན་ཆུ་སྟོད་དང་ཆུ་སྨད་ཀྱི་མཁོ་སྤྲོད་འཁོར་འབྲེལ་ཟླ་བ་གསུམ་རིང་སླར་གསོ་དང་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་པར་ངོས་འཛིན་བྱས་པ་རེད།

ཟོག་འགྲེམས་ཀྱི་མ་གནས་ཆག་ཚད་ཉུང་དུ་ཕྱིན་པ་དང་བཟོ་སྐྲུན་ལས་རིགས་ཀྱི་ཁྲོམ་ར་རྒྱུན་མཐུད་སླར་གསོ་བྱུང་བ།

གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་སྤྱི་ཚོགས་ཟོག་འགྲེམས་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.5ཟིན་ནས་དུས་མཚུངས་ལས་4.0%ཆག་པ་དང་། ཆག་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་8ཉུང་དུ་སོང་བ་དང་ཟླ་དང་པོ་ནས་ཟླ་ལྔ་པའི་བར་ལས་བརྒྱ་ཆའི་གྲངས་3.2ཉུང་དུ་སོང་སྟེ་ཟོག་འགྲེམས་ཀྱི་མ་གནས་ཆག་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད།

དགོས་མཁོའི་ཐོག་ནས་བལྟས་ན། རིམས་ནད་ཀྱི་ཤུགས་རྐྱེན་ཚོད་འཛིན་ཐུབ་རྗེས། བཟོ་སྐྲུན་ལས་རིགས་ཀྱི་ཁྲོམ་ར་མུ་མཐུད་སླར་གསོ་བྱུང་བ་དང་དྲ་ཐོག་ཚོང་ཁང་གི་དངོས་ཟོག་དགོས་མཁོ་ཆག་མཚམས་ཆད་ནས་བསྐྱར་འཕར་བྱུང་ཡོད། ཟླ་དྲུག་པར་དྲ་ཐོག་ཚོང་ཁང་གི་ཟོག་འགྲེམས་ལས་སྒོའི་བསྡོམས་འབོར་སྟོན་གྲངས་122.1ཟིན་པ་དེ་ཟླ་བ་གོང་མ་ལས་2.2འཕར་ཡོད། དྲ་ཐོག་ཚོང་ཁང་གི་ཟོག་འགྲེམས་ཀྱི་གྲོང་གསེབ་ལས་སྒོའི་གྲངས་འབོར་སྟོན་གྲངས་118.4ཟིན་ནས་ཟླ་བ་གོང་མ་ལས་1.9འཕར་ཡོད། དེའི་ཁྲོད་དབུས་རྒྱུད་ས་ཁུལ་དུ་ཆེ་ཙམ་འཕར་ནས་སྟོན་གྲངས་6.9འཕར་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་རིགས་གཅིག་མཁས་ཅན་གྱིས། རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་པ་བརྒྱུད། ཁྱབ་ཁོངས་དང་ས་ཁོངས་ཁག་གི་ཟོག་འགྲེམས་དགོས་མཁོ་མཐུན་སྦྱོར་མེད་པའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་མོད། འོན་ཀྱང་ཟོག་འགྲེམས་འཁོར་སྐྱོད་སྤྱིའི་ཆ་ནས་སླར་གསོའི་དུས་སུ་གནས་ཡོད་ཅེས་བརྗོད་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་བྱ་ཐབས་མུ་མཐུད་བཟོས་ཏེ་ཁེ་ལས་ཀྱི་ཟོག་འགྲེམས་མ་གནས་ཆག་པར་རོགས་རམ་བྱས་ཏེ་དཔལ་འབྱོར་གྱི་འཁོར་རྒྱུག་ཧྲིལ་པོ་ཤར་བགྲོད་ཐུབ་པ་བྱེད་རྒྱུའི་རེ་བ་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ལ་བརྒྱུད་སྤྲོད་བྱས་པའི《ཟོག་འགྲེམས་མ་གནས་སྔར་བས་གཅོག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ནང་འགག་རྩའི་ལྷུ་ཚིགས་ཁག་གི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ས་ཆ་དང་མ་དངུལ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཁྲལ་གྲོན་རྩ་ཆག་དང་ཆག་ཡང་གཏོང་བའི་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཟོག་འགྲེམས་ཀྱི་མ་གནས་སྔར་བས་གཅོག་དགོས་པ་བཏོན་ཡོད། བསམ་འཆར་ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ཟོག་འགྲེམས་མ་གནས་གཅོག་པའི་དཔེ་མཚོན་ཉམས་མྱོང་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་། སྲིད་ཇུས་ལག་བསྟར་ཁྲོད་ལྷག་པའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཏེ་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།