ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་གྲོང་གསེབ་བཅོས་སྒྲིག་ཁྲོད“སྐར་གསོག་ཆུང་ངུར”བརྟེན་ནས“གནད་དོན་ཆེན་པོ”ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་བའི་ལོ་ཤས་རིང་། ཤང་གྲོང་དང་གྲོང་ཚོ་ཁག་གཅིག་གིས་གྲོང་གསེབ་བཅོས་སྐྱོང་ཁྲོད་ཞིང་པ་ཞུགས་པའི་ཧུར་བརྩོན་རང་བཞིན་མི་འདང་བ་སོགས་ཀྱི་གནད་དོན་དང་། དེ་བཞིན་ཞིང་པ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གྲོང་གསེབ་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱ་ཆེད། སྐར་གསོག་ལམ་ལུགས་ལག་བསྟར་བྱས་པར་བརྟེན། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད། གོམ་སྟབས་རྗེས་མར་རང་རྒྱལ་གྱིས་གྲོང་གསེབ་བཅོས་སྐྱོང་ཁྲོད་ཡུལ་བབ་དང་བསྟུན་ནས་བྱེད་ཐབས་དེ་ཁྱབ་གདལ་བཏང་ནས“སྐར་གསོག་ཆུང་ངུར”བརྟེན་ནས“གནད་དོན་ཆེན་པོ”ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

འདི་ནི་གསར་འགོད་པས་ཀྲུང་དབྱང་གྲོང་གསེབ་གཞུང་ལས་ཁང་དང་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཚེས28ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་ཁྲོད་སྐར་གསོག་ལམ་ལུགས་ཁྱབ་གདལ་དང་བེད་སྤྱོད་གཏོང་བའི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

དེ་སྔོན་གྲོང་ཚོའི་ལས་ཀ་ཙག་ཙིག་དེ་དག་གཞན་སྐུལ་ནས་ད་ལྟའི་རང་འགུལ་དུ་འགྱུར་བ་དང་། སྔོན་མ་སེམས་ཆུང་ལ་གྱོང་རག་པ་ནས་ད་ཆ་ཚུལ་ལྡན་ལ་ཐོབ་ཆ་བཟང་བའི་བར་འགྱུར་བ། སྔོན་མ་ལས་འགན་བཀའ་རྒྱ་གཏོང་དགོས་པ་ནས་ད་ཆ་ལྕག་འདེབས་སྣེ་ཁྲིད་པར་འགྱུར་བ་སོགས་ཀྱི་ཕན་འབྲས་ཐོན་པ་དང་། ས་གནས་ཁག་གིས་སྐར་གསོག་ལམ་ལུགས་འཚོལ་ཞིབ་བྱེད་ཐབས་སྣ་མང་ཡོད་དེ། “གཅེས་སེམས་སྒོ་རྩིས་ཚོང་ཁང”དང་། “ཀུན་སྤྱོད་དངུལ་ཁང”“སྐར་གསོག་ས་ཚིགས”སོགས་དང་། དེ་དག་ཚང་མ་ཞིང་པ་མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་བྱ་ཡུལ་ནས་འགོ་བཙུགས་ཡོད་པ་མ་ཟད། གྲོང་གསེབ་ཀྱི་གནད་དོན་གལ་ཆེན་དག་སྐར་གསོག་སྟོན་གྲངས་སུ་བརྩི་བ་དང་། དམངས་གཙོའི་ཐབས་ལམ་ཐོག་ནས་སྐར་གསོག་ལ་གདེང་འཇོག་བྱེད་པའི་བྱེད་ཐབས་གྲུབ་པ། ཞིང་པ་མང་ཚོགས་ཀྱི་རྒྱུན་གཏན་བྱ་སྤྱོད་ལ་གདེང་འཇོག་བྱེད་སྐབས་སྐར་མ་གསོག་པ་བཅས་བྱེད་པ་དང་སྦྲགས་སྐར་གསོག་གཞིར་བཟུང་འབྲེལ་ཡོད་ཀྱི་བསམ་པའི་སྐུལ་ལྕག་དང་དངོས་པོའི་བྱ་དགའ་སྤྲོད་པའམ་ཡང་ན་གཅུན་སྡོམ་བྱེད་ཀྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ས་གནས་མི་ཉུང་བ་ཞིག་གིས་རང་རྟོགས་ངང་འཚོལ་ཞིབ་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ལ་ཁྱབ་གདལ་བཏང་བར་ཕན་འབྲས་བཟང་པོ་ཐོབ་ཡོད། ཅང་སུའུ་ཞིང་ཆེན་གྱི་རྫོང་8ཀྱིས་གྲོང་གསེབ་བཅོས་སྐྱོང་སྐར་གསོག་ལམ་ལུགས་ཁྱབ་གདལ་བཏང་བ་དང་། ཤང་གྲོང103དང་གྲོང་ཚོ1590ལ་སྐར་གསོག་ལམ་ལུགས་ཐོག་ནས་དོ་དམ་བྱས་ཤིང་། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱིས་ཁུལ་ཁོངས་ཡོངས་སུ“སྐར་གསོག+དབུལ་སྐྱོར”བྱེད་ཐབས་ལ་སྐུལ་འདེད་བཏང་བ་དང་གྲོང་ཚོ་དབུལ་པོ1006ལ་ཁྱབ་ཡོད། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀུའུ་ཡོན་གྲོང་ཁྱེར་གྱིས་རྫོང(ཆུས)5ཡི་ཤང་གྲོང62ཀྱི་སྲིད་འཛིན་གྲོང་ཚོ180ལ་གྲོང་གསེབ་ཤེས་དཔལ་ལག་ལེན་གྱི་སྐར་གསོག་གཱ་ཡི་ལམ་ལུགས་ཁྱབ་གདལ་གཏོང་དགོས་པའི་བསམ་འཆར་བཏོན་ཡོད་པ་བཅས་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།