ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུས་བྱ་ཐབས་སྣ་མང་སྤྱད་དེ་དམིགས་བསལ་སློབ་གསོ་ཡག་པོ་གཉེར་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “དམིགས་བསལ་སློབ་གསོ་ཡག་པོ་གཉེར་རྒྱུའི”སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་རྒྱལ་གྱིས2017ལོ་ནས2020ལོ་བར་གྱི་དུས་ཐེངས་གཉིས་པའི་དམིགས་བསལ་སློབ་གསོའི་རིམ་སྤོར་འཆར་གཞི་ལག་བསྟར་བྱས་ཤིང་། ནོར་སྲིད་པུས་དེའི་ཐད་བྱ་ཐབས་སྣ་མང་སྤྱད་དེ་ས་གནས་ཀྱིས་དམིགས་བསལ་སློབ་གསོ་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཡོད།

གཅིག་ནས་གཞི་རྩ་འགན་ལེན་བྱས་ཤིང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་དབང་པོ་སྐྱོན་ཅན་རེར་ལོ་རེར་སྒོར་6000གི་ཚད་གཞི་ལྟར་སྤྱི་སྤྱོད་གྲོན་དངུལ་ཁ་གསབ་བྱས་པ་དང་། དེར་མཁོ་བའི་མ་དངུལ་དག་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་མཉམ་དུ་འགན་འཁུར་བ་དང་། 2017ལོ་ནས2020ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་འབྲེལ་ཡོད་ཀྱི་མ་དངུལ་སྒོར་དུང་ཕྱུར101.8བཀོད་སྒྲིག་བྱས་པ་དང་། གཉིས་ནས་ཞན་ཆ་བསལ་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱིས་དམིགས་བསལ་སློབ་གསོའི་ཁ་གསབ་མ་དངུལ་ལ་བརྟེན་ནས་ས་གནས་ཀྱིས་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་སློབ་མ་དབང་པོ་སྐྱོན་ཅན་ཅུང་མང་པོ་བསྡུས་པའི་འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་བྱེད་པའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ནས། དམིགས་བསལ་སློབ་གསོའི་ཐོན་ཁུངས་ལྟེ་གནས(སློབ་ཁང)ལ་དགོས་ངེས་ཀྱི་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་བྱས་པ་དང་། ཚབས་ཆེའི་དབང་པོ་སྐྱོན་ཅན་སློབ་མས་འོས་འགན་སློབ་གསོ་དང་ལེན་བྱ་ཆེད་སྒོ་རྩར་ཞབས་ཞུ་མཁོ་འདོན་བྱེད་པ་དང་འབྲེལ་གསོ་རིག་དང་སློབ་གསོ་ཟུང་དུ་འབྲེལ་བ་སོགས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ཡོད། 2017ལོ་ནས2020ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་དམིགས་བསལ་སློབ་གསོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར16.4བཀོད་སྒྲིག་བྱས་པ་རེད། གསུམ་ནས་གཞུང་དྲང་ལ་སྐུལ་འདེད་བཏང་ཞིང་། ས་གནས་ཀྱིས་འོས་འགན་སློབ་གསོའི“རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་དོན་འཁྱོལ་ལ་མཛུབ་ཁྲིད་བྱེད་པའི་རྨང་གཞིའི་ཐོག་ཐོན་ཁུངས་སྤྱི་འདོམས་བྱས་ནས་དབང་པོ་སྐྱོན་ཅན་སློབ་མར་རྒྱབ་སྐྱོར་བྱས་ཏེ་ཁ་གསབ་ཀྱི་ཆུ་ཚད་མཐོ་རུ་བཏང་བ་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་སློབ་མར་མཐོ་རིམ་སློབ་འབྲིང་དུས་མཚམས་སུ་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་པ། སློབ་ཞུཌ་གོང་གི་སློབ་གསོ་དང་མཐོ་རིམ་སློབ་གསོའི་དུས་མཚམས་ཀྱི་དབང་པོ་སྐྱོན་ཅན་སློབ་མ་ཚོར་གཞན་གྱི་སྔོན་ལ་རོགས་དངུལ་གྱི་རྒྱབ་སྐྱོར་བྱས་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།