ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་རྒྱལ་ཁབ་ཀྱི་གཞུང་ལས་པ་གསབ་བསྡུའི་ལས་དོན་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས་བསྟན་དོན། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2020ལོའི་ལོ་འཁོར་གྱི་རྒྱུགས་སྤྲོད་གཞུང་ལས་པ་བསྡུ་བའི་ངོ་རྒྱུགས་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ལས་གནས་ཁ་ཤས་ལ་འོས་ཤིང་འཚམ་པའི་བསྡུ་བྱའི་འོས་མི་མེད་ན། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཡོངས་གྲགས་ངང་འབེལ་དཀོན་སྙོམས་སྒྲིག་གིས་མི་སྣ་ཁ་གསབ་བྱེད་དགོས།

སྤྱི་བསྒྲགས་ལས་མངོན་པར། སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་ནང་དོན་གཅིག་མཚུངས་ཡིན་པའི(རྒྱུགས་ཐོ་འགོད་པའི་མི་སྣས་ལན་བཏབ་པ་ནི་རིགས་གཅིག་མཚུངས་ཀྱི་རྒྱུགས་ཤོག་ཡིན་པར་ཟེར)ལས་གནས་བར་སྙོམས་སྒྲིག་བྱེད་པ་དང་། སྙོམས་སྒྲིག་ནང་ཞུགས་པའི་རྒྱུགས་སྤྲོད་མི་སྣས་ལས་གནས་གཅིག་མ་གཏོགས་རེ་ཞུ་བྱེད་མི་ཆོག་པ། སྙོམས་སྒྲིག་བྱ་རྒྱུའི་རེ་བ་ཞུ་མཁན་ཐོ་འགོད་རྒྱུགས་སྤྲོད་མི་སྣ་ངེས་པར་དུ་སྙོམས་སྒྲིག་ལས་གནས་ཀྱི་གཏན་འབེབས་ཐོབ་ཐང་གི་ཆ་རྐྱེན་དང་བླང་བྱ་དང་མཐུན་དགོས་པ། སྙོམས་སྒྲིག་བྱ་རྒྱུའི་རེ་བ་ཞུ་མཁན་རྒྱུགས་སྤྲོད་མི་སྣའི་སྤྱི་པའི་རིག་ཚན་གྱི་ཡིག་རྒྱུགས་ཀྱི་སྦྱངས་འབྲས་དེ་དེ་སྔའི་ཐོ་འགོད་རྒྱུགས་སྤྲོད་ལས་གནས་ཀྱི་ཚད་གཞི་ལོན་པའི་སྐར་གྲངས་དམའ་ཤོས་དང་སྙོམས་སྒྲིག་བྱ་རྒྱུའི་ལས་གནས་ཀྱི་ཚད་གཞི་ལོན་པའི་སྐར་གྲངས་དམའ་ཤོས་སུ་དུས་གཅིག་ཏུ་སླེབས་དགོས་པ། ལས་ཀར་འཇུག་རྩིས་ཡོད་པའི་མི་སྣར་གཏན་འཁེལ་བྱས་པའི་ཐོ་འགོད་རྒྱུགས་སྤྲོད་མི་སྣ་མུ་མཐུད་དུ་སྙོམས་སྒྲིག་ལ་ཞུགས་པའི་ཐོབ་ཐང་མེད་པ་བཅས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐོ་འགོད་རྒྱུགས་སྤྲོད་མི་སྣས་ཉིན་དེ་རང་ནས་བཟུང་། “ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2020ལོའི་ལོ་འཁོར་གྱི་རྒྱུགས་སྤྲོད་བསྡུ་ལེན་གྱི་གཞུང་ལས་པའི་ཆེད་དོན་དྲ་ཚིགས”ལ་ཞུགས་ཏེ་སྙོམས་སྒྲིག་ལས་གནས་དང་། སྙོམས་སྒྲིག་མི་གྲངས། རྒྱུགས་ལེན་རིགས། ཐོབ་ཐང་ཆ་རྐྱེན། བསྡུ་ལེན་ལས་ཁུངས་ཀྱི་འབྲེལ་གཏུག་བྱེད་ཐབས་སོགས་འདྲི་རྩད་བྱེད་ཆོག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།