ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་འཚོགས་ཤིང་ཞི་ཅིན་ཕིང་གིས་བཀའ་བཀོད་ལག་ཁྱེར་གནང་བ་མ་ཟད་གོ་གནས་སྤར་བའི་དམག་དཔོན་ལ་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་ཚེས29ཉིན་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་དམག་མིའི་གོ་རྟགས་ཐོབ་མཁན་ཏེ་མེ་ཤུགས་འཕུར་མདའི་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་ཞུས་ཀྲུང་པོ་ལ་བཀའ་རྒྱའི་ལག་ཁྱེར་གནང་བ་རེད།

1126300876_15960259649231n.jpg

ཚེས29ཉིན་ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་དམག་མིའི་གོ་རྟགས་ཐོབ་པའི་མེ་ཤུགས་འཕུར་མདའི་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་ཞུས་ཀྲུང་པོ་ལ་བཀའ་རྒྱའི་ལག་ཁྱེར་གནང་།

ཕྱི་དྲོའི་ཆུ་ཚོད4དང་སྐར་མ30ཙམ་ལ་གོ་རྟགས་སྤྲོད་པའི་མཛད་སྒོ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་གནང་པའི་བཀའ་རྒྱ་སྒྲོག་འདོན་གནང་བ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤྲོད་པའི་མཛད་སྒོར་གཙོ་སྐྱོང་གནང་།

ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་མཁན་ཞུས་ཀྲུང་པོ་ཡིས་དམག་གོས་གྲལ་དག་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་ཕེབས་པ་ན་ཞི་ཅིན་ཕིང་གིས་ཁོང་ལ་བཀའ་རྒྱའི་ལག་ཁྱེར་གནང་བ་མ་ཟད་རྟེན་འབྲེལ་ཀྱང་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་ཕྲག་རྟགས་བཏགས་པའི་ཞུས་ཀྲུང་པོ་ཡིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་མཛད་སྒོར་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

 གོ་རྟགས་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོ་བའི་དམག་མིའི་གླུ་སྒྲའི་ཁྲོད་མཇུག་འགྲིལ་བ་རེད།

 ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་། དེ་མིན་དམག་ཨུ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་སྡོད་པའི་ལས་ཁུངས་ཆེ་གྲས་ཀྱི་འགོ་ཁྲིད་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།