ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས2020ལོའི་རེས་སྐོར་དང་པོའི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཟླ7པའི་ཚེས20ཉིན་ནས་བཟུང་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང32རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་གཙོ་གནད་ས་ཁུལ་དང་གྲོང་ཁྱེར་དུ་སོ་སོར་མངགས་ནས་ཆེས་མངགས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བ་རེད། མིག་སྔར་ཤིན་ཅང་རང་སྐྱོང་ལྗོངས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་རིམས་ནད་ཀྱིས་རྐྱེན་པས་ཕྱིར་འགྱངས་བྱས་པ་ཕུད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གཅིག་རྗེས་གཉིས་མཐུད་ངང་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་དུ་བཅའ་སྡོད་བྱས་པ་དང་འབྲེལ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་གྱི་ཏང་ཨུད་སྲིད་གཞུང་དང་ལས་དོན་འབྲེལ་མཐུད་ཀྱང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རེས་སྐོར་འདིའི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་རིང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་རྒྱབ་ལྗོངས་འོག་གཙོ་གནད་ས་ཁུལ་དང་གྲོང་ཁྱེར་དང་གཙོ་གནད་གནད་དོན་ལ་དམིགས་ཏེ“གཙང་སེལ་དྲུག་གི་བྱ་སྤྱོད”ཁྲོད་ཀྱི་ཞན་ཆ་དམིགས་ཚད་དུ་བྱེད་པ་དང་། རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་ངམ་ཡང་ན་ཞིང་ཆེན་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་ལ་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་དང་སྒྲུབ་རྒྱུར་རྩིས་སྤྲད་པའི་གྱོད་གཞི་དང་ཁུངས་སྣེ་གཙོ་གནད་དུ་བྱས་ཏེ། ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། ཆེད་དོན་འཐབ་རྩོད་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། དུས་མཚུངས་ཆེད་དོན་བཅོས་སྐྱོང་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་ཕུགས་ཕན་ལམ་སྲོལ་འཛུགས་པའི་ལས་དོན་ལ་བརྟག་ཞིབ་བྱེད་པ་དང“གང་ཞིག་འཛུགས་པ་དང་ཇི་ལྟར་འཛུགས་པའི”ཐད་བསམ་འཆར་དང་གྲོས་འགོ་བཏོན་ཐོག ནག་སེལ་གཤེད་བཅོམ་གྱི་ཕུགས་ཕན་རྒྱུན་བཅོས་ལམ་སྲོལ་འཛུགས་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད། ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ནི་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་གདན་ཞུ་བྱས་པའི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཆེད་མིས་འགན་འཁུར་བའམ་ཡང་ན་ཞིང་ཆེན་རིམ་པ་ཁག་གི་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་འོས་སྦྱོར་བྱས་པའི་ཐིང་རིམ་པ་རྒན་པའི་འགོ་ཁྲིད་ཀྱིས་འགན་ཁུར་བ་དང་། ཁོངས་མི་ཚང་མ་ཞིང་ཆེན་དེ་གའི་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ནང་ཞུགས་མྱོང་བའི་བློ་མཐུན་དང་དེ་བཞིན་གྱོད་སྒྲུབ་རིགས་གཅིག་མཁས་ཅན་ཁག་གཅིག་རེད། ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ནི་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་ཐད་ཀར་འགོ་ཁྲིད་བྱེད་པ་དང་ས་ཁུལ་ཁག་གི་གཙོ་གནད་ས་ཁུལ་དང་གྲོང་ཁྱེར་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།