ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་མགོ་འཛིན་མཛད་དེ་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་ཉེར་བརྒྱད་ཉིན་མགོ་འཛིན་མཛད་དེ་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་འབྲེལ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་བསྡུར་བྱས་པར་མ་ཟད། དུས་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་པེ་ཅིང་གི་རྒྱལ་ས་མ་ཡིན་པའི་བྱེད་ཐབས་གསེད་འགྲོལ་བྱེད་པ་གནད་སར་བཟུང་སྟེ། ཇུས་གཞི་ཆེན་མོ་ཞིག་ལག་ལེན་མཐའ་འཁྱོལ་བྱེད་པ་དང་གཏན་འཇགས་སྐུལ་འདེད་གཏོང་བ། ཡུན་རིང་བའི་བྱས་རྗེས་ཐོན་པར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་པར་ཡར་སྐུལ་བྱེད་དགོས་ཞེས་གསུངས། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་བཟང་བོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་འགན་གཙོ་བོ་དང་ལས་གཞི་གལ་ཆེན། སྲིད་ཇུས་གཙོ་བོ་བཅས་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས། ལས་གཞི་ཆེན་མོའི་འཛུགས་སྐྲུན་མྱུར་ཚད་ལ་སྐུལ་འདེད་གཏོང་བ་དང་འཆར་འགོད་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། ལས་གཞིའི་དུས་སྐབས་སྔོན་མའི་བྱ་བར་ཤུགས་སྣོན་བྱས་ཏེ། རྒྱུན་ཆད་མེད་པར་ལས་གཞིའི་གྲབས་གསོག་མཛོད་གསར་བསྒྱུར་དང་འཐུས་ཚང་དུ་བཏང་ནས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་གཞིའི་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་བར་ཁག་ཐེག་བྱེད་དགོས། འགྲིམ་འགྲུལ་གཞི་གཅིག་ཅན་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྐྱེན་དག་ལས་གཞིའི་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་གྲོང་ཁྱེར་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་ལྕགས་ལམ་གྱི་མུ་བརྒྱུད་གཅིག་པའི་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་འཛུགས་སྐྲུན་བྱེད་དགོས། 

པེ་ཅིང་གི་རྒྱལ་ས་མ་ཡིན་པའི་བྱེད་ཐབས་གསེད་འགྲོལ་བྱེད་པའི་སྲིད་ཇུས་མ་ལག་ལ་ཞིབ་འཇུག་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བྱེད་ནུས་གསེད་འགྲོལ་བྱེད་པའི་ཁ་ཕྱོགས་གཙོ་བོ་གསལ་བོ་བྱེད་དགོས་ལ། གསེད་འགྲོལ་གྱི་སྲིད་ཇུས་ལ་ཤུགས་སྣོན་དགོས་པ་དང་། ཕྱོགས་སོ་སོའི་ཁེ་ཕན་ལ་བསམ་བློ་གཏོང་བར་གཅིག་གྱུར་བཀོད་འདོམ་བྱས་ནས། སྣེ་ཁྲིད་ཀྱི་ཕན་ནུས་དངོས་སུ་ཐོན་པར་བྱེད་དགོས། ཤུགས་ཆེན་པོས་སྤྱི་བའི་ཞབས་ཞུའི་མཉམ་འཛུགས་མཉམ་སྤྱོད་ལ་ཡར་སྐུལ་བྱས་ཏེ། པེ་ཅིང་དང་ཐེན་ཅིན་གྱི་སྤུས་ལེགས་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་དེ་ཧི་པེ་རུ་རྒྱུན་བསྲིངས་པར་སྐུལ་འདེད་གཏོང་བ་དང་། རྒྱུན་ཆད་མེད་པར་སྤྱི་བའི་ཞབས་ཞུའི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ། མི་དམངས་མང་ཚོགས་ལ་རོགས་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་སུ་མྱོང་དུ་འཇུག་དགོས། བཅོས་བསྒྱུར་གསར་གཏོད་ལ་གྲུབ་འབྲས་གསར་བ་ཐོབ་པར་བྱེད་པ་དང་། གསར་གཏོད་སྒུལ་ཤུགས་དང་བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་ནས་ནང་དོན་ཀུན་འདུས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་ཏུ་བགྲོད་དགོས། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། མཛུབ་སྟོན་དང་ལྟ་རྟོག་ལ་ཤུགས་སྣོན་བྱས་ཏེ། འཆར་འགོད་དངོས་འབེབ་ཀྱི་འགག་སྒོ་དམ་འཛིན་བྱེད་པ་དང་། རྟོག་དཔྱོད་ཞིབ་འཇུག་བྱ་བ་ནན་ཏན་གྱིས་སྤེལ་ནས་ལས་འགན་རེ་རེ་དམ་འཛིན་གྱིས་གྲུབ་འབྲས་ཐོབ་པར་བྱེད་དགོས་ཞེས་གསུངས།

ལིས་ཧོང་ཀྲུང་དང་ཚེ་ཆི། ཝང་ཡུང་། ཧི་ལི་ཧྥུན་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།