ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་ཧྲི་ཀོན་དམག་མི་ཐད་ཀར་བསྡུ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམག་ཨུད་ཆབ་སྲིད་ལས་དོན་པུའུ་དང་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའུ་ཡིས་ཉེ་ཆར་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས2020ལོར་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མས་ཐད་ཀར་ཧྲི་ཀོན་དམག་མི་བསྡུ་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

འདི་ལོ་ཧྲི་ཀོན་དམག་མི་ཐད་ཀར་བསྡུ་བའི་ནང་རྩིས་རྒྱག་འཕྲུལ་ཆས་དང་། རང་འགུལ་ཅན། འཕྲུལ་ཆས་སོགས་དམག་དཔུང་དང་ས་གནས་གཉིས་ཀར་སྤྱོད་གོ་ཆོད་པའི་རིགས64ཡི་ཆེད་ལས270ལྷག་ཚུད་པ་དང་མི་མེད་གནམ་གྲུ་དང་། མཚོ་འགྲུལ། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། གློག་རྡུལ་ཆ་འཕྲིན། སྐད་རིགས་ཆུང་གྲས་སོགས་ཆེད་ལས་རིགས་བསྡུ་ཤུགས་ཆེ་རུ་གཏོང་རྒྱུ་དང་ན་ནིང་ལས་མི2000ཙམ་མང་དུ་གཏོང་རྒྱུ་རེད།

འདི་ལོ་ཧྲི་ཀོན་དམག་མི་ཐད་ཀར་བསྡུ་བའི་ལས་དོན་དང་འོས་འགན་དམག་མི་བསྡུ་བའི་ལས་དོན་མཉམ་དུ་སྒྲིག་འཛུགས་བྱས་ཏེ་ཟླ་8ཚེས་1ཉིན་ནས་འགོ་འཛུགས་རྒྱུ་དང་ཟླ་9ཚེས་30ཉིན་མཇུག་འགྲིལ་རྒྱུ་རེད། དམག་བསྡུའི་ནང་ཞུགས་མཁན་གཞོན་ནུས་རྒྱལ་ཡོངས་དམག་བསྡུའི་དྲ་བ(དྲ་གནས། http∶//www.gfbzb.gov.cn)བརྒྱུད་ཧྲི་ཀོན་དམག་མི་བསྡུ་བའི་ཆ་རྐྱེན་དང་ས་ཁུལ་ཁག་གི་བསྡུ་ལེན་ཆེད་ལས་ཀྱི་གནས་ཚུལ་འཚོལ་བཤེར་བྱེད་ཆོག་པ་དང་ཆེད་ལས་ཁྱབ་ཁོངས་དང་བསྡུ་ལེན་ཆ་རྐྱེན་དང་མཐུན་རིགས་ཀྱིས་དྲ་ཐོག་ནས་མིང་འགོད་ཆ་འཕྲིན་འབྲི་ཆོག་པ་དང་འབྲེལ། བསྡུ་ཡུལ་གྱི་དམག་ཞབས་ལས་ཁུངས་ཀྱི་གཅིག་གྱུར་བླང་བྱ་ལྟར་གཟུགས་པོ་བརྟག་དཔྱད་དང་ཆབ་སྲིད་དཔྱད་ཞིབ་སོགས་རྗེས་མཐུད་བསྡུ་ལེན་ལས་དོན་ནང་ཞུགས་དགོས། བསྡུ་ལེན་ཆེད་ལས་དང་འཆར་གཞིས་ཚོད་འཛིན་ཐེབས་ནས་ཧྲི་ཀོན་དམག་མིར་ཚུད་མེད་པའི་ཚད་ལོན་པའི་གཞོན་ནུས་འོས་འགན་དམག་མི་བསྡུ་བའི་ནང་ཞུགས་ཆོག་པ་དང་འོས་འགན་དམག་ཞབས་ཐིམ་རྗེས་ཧྲི་ཀོན་དམག་མིར་ཚུད་ཚེ་མཐོ་སློབ་དཀྱུས་མར་གཏན་འབེབས་ཀྱི་སློབ་ཡུན་ལྟར་སློབ་སྦྱོང་བྱས་རིགས་ཀྱི་ལོ་གྲངས་དེ་དམག་ཞབས་དུས་ཚོད་དང་གཅིག་མཚུངས་བརྩི་རྒྱུ་རེད།

ཐད་ཀར་བསྡུ་བའི་ཧྲི་ཀོན་དམག་མིའི་དམག་ཞུགས་དུས་ཚོད2020ལོའི་ཟླ9བའི་ཚེས1ཉིན་ནས་བརྩི་བ་དང་དཔུང་སྡེས་ཧྲི་ཀོན་གྱི་ལས་གནས་ཁུར་བའི་བཀའ་གཏོང་བའི་དུས་ཚོད2020ལོའི་ཟླ12པའི་ཚེས1ཉིན་རེད། དཔུང་སྡེའི་བསྡུ་ལེན་ཚན་པས་དམག་དཔུང་ནང་ཞུགས་པ་དང་ཆེད་ལས་སྦྱོང་བརྡར་གྱི་ཇུས་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་སྦྱོང་བརྡར་སྒྲིག་འཛུགས་ནན་ཏན་བྱེད་པ་དང་། སྦྱོང་བརྡར་ལེགས་གྲུབ་ཟིན་རྗེས་ཆེད་ལས་ག་རྒྱག་པ་དང་བསྡུ་སྤྱོད་གཅིག་གྱུར་གྱི་རྩ་དོན་གཞིར་བཟུང་བསྡུ་ལེན་བྱས་པའི་ཧྲི་ཀོན་དམག་མི་དེ་དག་ཆེད་ལས་ག་རྒྱག་པའི་ལག་རྩལ་ལས་གནས་སུ་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།