ཀྲུང་གོ་བོད་ཀྱི་དྲ་བ།

ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་བཏང་ནས་ཇུས་ཐག་གཅོད་རྒྱུར་ཁུངས་བཙན་གྱི་གྲོས་འགོ་བཏོན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཝུའུ་ཆང་ཤིའི་ཆུ་མཛོད་བཀོད་གཏོང་གི་འགག་རྩའི་དུས་སུ་སླེབས་ནས་ཆུ་ཚོད་གཅིག་གི་རྗེས་སུ་ཆུ་བོའི་སྟོད་རྒྱུད་ཀྱི་ཆར་ཞོད་ལ་གྲོས་མོལ་བགྲོ་གླེང་བྱེད་འགོ་ཚུགས”ཟླ་7ཚེས་11ཉིན་ནི་གཟའ་སྤེན་པ་ཡིན་པ་དང་ཕྱི་དྲོའི་ཆུ་ཚོད་3པ་ཙམ་དུ་ཧུའུ་ནན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱི་ཐའེ་ཀྲང་གཞོན་པ་དབུ་བཞུགས་སྔོན་བརྡ་གཏོང་མཁན་ཁྲེན་ཅིང་ཅིང་ལ་ཛ་དྲག་གི་ཁ་པར་འབྱོར་རྗེས་འཕྲལ་མར་ཚན་པར་བསྐྱོད།

ཉེ་དུས་ཉེ་འཁོར་གྱི་ཆར་ཞོད་གནས་ཚུལ་ཤེས་རྟོགས་བྱས་རྗེས་ཆུ་མཛོད་ཀྱི་བཀོད་གཏོང་སོགས་འབྲུབ་ཆུར་ཁ་གཏད་གཅོག་པའི་ལས་དོན་ནི་འགག་རྩ་ཞིག་རེད། གནམ་གཤིས་སྔོན་བརྡ་གཏོང་མཁན་གྱི་ལས་དོན་ནི་ཚན་རྩལ་གྱི་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ལ“ལྟ་ཞིབ”ནན་པོ་བྱ་རྒྱུ་དེ་ཡིན་པ་དང་གནོད་འཚེའམ་ཡང་ན་འགག་རྩའི་གནམ་གཤིས་བསྟན་རྒྱུ་ཡིན་པ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་སྔོན་ཚུད་ནས་ཉེན་བརྡ་གཏོང་དགོས།

ཧུའུ་ནན་ཞིང་ཆེན་གནམ་གཤིས་ལས་ཁུངས་ཀྱི་ལས་སྒོའི་སྟེགས་བུའི་ཐོག་སྔོན་བརྡ་གཏོང་མཁན་ཚོས་བློ་རྩེ་གཅིག་སྒྲིམ་ངང་གྲངས་གཞིའི་གནམ་གཤིས་སྔོན་བརྡའི་མ་ལག་ལ་དབྱེ་ཞིབ་བྱེད་པ་དང་འདས་ཟིན་པའི་ཆུ་ཚོད་24ཡི་ཆར་ཞོད་གནས་ཚུལ་དང་ནམ་མཁའ་དང་ས་ངོས་ཀྱི་གནམ་གཤིས་མ་ལག་ལ་ལྟ་ཞིབ་བྱེད་པ་དང་གྲངས་གཞིའི་གནམ་གཤིས་སྔོན་བརྡའི་མ་ལག་དང་བསྡུར་བ་བྱེད་ཀྱི་ཡོད། ཆར་པ་ཆུང་དུ་འགྲོ་བའམ་ཡང་ན“ནར་འགྱངས”བྱེད་མིན་ཐད་ཚང་མས་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད། དགོང་མོའི་ཆུ་ཚོད་8པ་ཙམ་དུ་གནམ་གཤིས་སྔོན་བརྡ་གསར་ཤོས་དེ་ཞིང་ཆེན་ནང་གི་འབྲུབ་འགོག་བཀོད་གཏོང་ཚོགས་འདུར་འབྱོར་ནས་ཐབས་ཇུས་འདོན་མཁན་ཚོར་ཁུངས་བཙན་གྱི་གྲོས་འགོ་ཞིག་མཁོ་འདོན་བྱས་ཡོད།

འབྲུབ་དུས་སུ་སླེབས་ཚུན་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་སྡོད་པ་དང་ཆུ་ཚོད་24རེས་སྐོར་ལས་སྒྲུབ་བྱེད་པ་ནི་གནམ་གཤིས་སྔོན་བརྡ་གཏོང་མཁན་ལ་མཚོན་ན་རྒྱུན་གཏན་གྱི་ལས་ཀ་ཞིག་རེད།

གནམ་གཤིས་སྔོན་བརྡ་གཏོང་མཁན་ཚོས་མ་འོངས་ཆུ་ཚོད་10ཡི་གནམ་གཤིས་སྔོན་བརྡ་ཡག་པོ་གཏོང་དགོས་པ་མ་ཟད། དུས་ཐུང་གི་ལྟ་ཞིབ་ཚད་ལེན་ཡང་ཡག་པོ་བྱེད་དགོས་པ་དང་དྲག་ཆར་དང་གཏད་རྒྱུག་གནམ་གཤིས་ཀྱི་སྔོན་ཚུད་ཉེན་བརྡ་དུས་ཐོག་ཏུ་གཏོང་དགོས། གནམ་གཤིས་སྔོན་བརྡ་ཚང་མ་ནི་ལྐོག་གྱུར་གྲངས་གཞི་འབོར་ཆེན་བསྡུས་པ་དང་སྐད་ཅིག་ཙམ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བའི་གནམ་གཤིས་ཀྱི་རི་མོ་ཞིག་རེད།

ཆུ་བེད་འདུ་འགོད་འགུལ་རྣམ་ལྟ་སྡོམ་ལས་སྟེགས་ཀྱི་APPཁ་ཕྱེ་ནས་ལྟ་སྐབས་རྫོང་ནང་གི་ཆུ་མཛོད་གཙོ་བོ་དང་ཆུ་ལམ་གྱི་གནས་ཚུལ་གསལ་པོ་མཐོང་ཐུབ། “དེ་ནི་ཧྲེ་ཉིའུ་གྲོང་རྡལ་ཧྥུའུ་ཤིང་དགོན་ཆུ་མཛོད་ཀྱི་པར་རིས་དང་གྲངས་གཞི་རེད། དེ་ནས་ཆུ་མཛོད་དེའི་ཉེ་འཁོར་དུ་ཉིན་ཤས་ཆར་པ་མེད་པ་དང་ཆུ་ཁའང་བདེ་འཇགས་ཀྱི་མཚམས་སུ་ཡོད་པ་མཐོང་ཐུབ”ཅེས་སི་ཁྲོན་ཙི་ཐུང་རྫོང་ཆུ་བེད་ཅུས་མཚོ་མཚེའུ་སྲུང་སྐྱོང་དང་ཆུ་བེད་དོ་དམ་ཀུའུ་ཡི་ཀུའུ་ཀྲང་ལིའུ་ཡུང་གིས་བརྙན་ལམ་དེར་མཛུབ་མོ་འཛུགས་བཞིན་དུ་དེ་ལྟར་བཤད།

འབྲུབ་དུས་རིང་ལིའུ་ཡུང་དང་ཁོང་གི་ལས་རོགས་ཚོས་ཉིན་ལྟར་ལྟ་སྡོམ་ལས་སྟེགས་ནས་ཆུ་མཛོད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ། འདི་ལོའི་འབྲུབ་དུས་གཙོ་བོར་ཙི་ཐུང་རྫོང་གི་ཆུ་མཛོད་དང་། གཙང་པོ། ཆུ་རུད་བཅས་ཀྱི་གནོད་འཚེ་ཐོན་ཡུལ་གཙོ་བོ་ཡི་ལྟ་སྡོམ་མ་ལག་99ཡིས་དུས་དང་རྣམ་པ་ཀུན་ཏུ་ཆ་འཕྲིན་དེ་རྫོང་འབྲུབ་འགོག་བཀོད་འདོམས་ལྟེ་གནས་སུ་བརྒྱུད་གཏོང་བྱེད་ཀྱི་ཡོད།

ཁྲང་ཧུའུ་མཚེའུ་དེ་ཅིང་ཀྲོའུ་དང་། ཅིང་མོན། ཆན་ཅང་གྲོང་ཁྱེར་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་ཧུའུ་པེའི་མཚེའུ་ཆེན་པོ་གསུམ་པ་དེ་རེད། མཚེའུ་དེ་ཟླ་6ཚེས་29ཉིན་འགོག་སྲུང་གི་ཆུ་ཁ་ལས་བརྒལ་རྗེས་ཉིན་མཚན་དབྱེར་མེད་དུ་སྐོར་ཞིབ་བྱེད་འགོ་ཚུགས།

ཉིན་ཤས་རིང་ཆུ་ཁ་མཐོ་པོར་གྱུར་བས་ཆུ་རགས་ཀྱི་རྒྱབ་ངོས་སུ་ཆུ་མང་པོ་སིམ་ཡོད། ཚེས་13ཉིན་གྱི་ཕྱི་དྲོ་ཧྲ་དབྱང་རྫོང་ཆུ་བེད་དང་གཙང་པོ་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཧོང་ཆི་ཤོན་གྱིས་ཆུ་རགས་ཀྱི་སྨི་8ནས་10ཡི་སར་Yདབྱིབས་ཀྱི་ཆུ་འདྲེན་ཆུ་ཡུར་ཞིག་བཟོས་ནས་ཆུ་རགས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་བསམ་འཆར་བཏོན་པ་དང་ཡའོ་ཞང་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཆུ་ཡུར་བཟོ་འགོ་ཚུགས།

ཞིང་དུད་20ལྷག་ཙམ་དང་། ཞིང་ཁ་མུའུ་2050 ཉ་རྫིང་མུའུ་450ལྷག་ཙམ་བཅས་ལ་སྲུང་སྐྱོང་བྱ་ཆེད་ཆུ་རགས་དང་ཆུ་མཛོད་ལ་སྐོར་ཞིབ་བྱས་པ་ཡིན། སྐོར་ཞིབ་ཡང་ཡང་བྱས་ནས་ཉེན་ཁ་ཤེས་རྟོགས་བྱེད་པ་ནི་གནད་དོན་ཆུང་ངུ་དེ་ཆེ་རུ་མི་འགྲོ་བའི་ཆེད་དུ་ཡིན་ཞེས་ཡའོ་ཞང་གིས་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།