ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་པུས་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁྲོམ་རའི་བྱེད་པོར་སྲུང་སྐྱོང་དང་རྒྱབ་སྐྱོར་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་སྤྱི་བདེ་པུའུ་ཡིས་ཚོགས་འདུ་འཚོགས་ནས་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་སྐྱོང་འགན་ལེན་ཤུགས་ཆེན་བྱེད་པ། ཞབས་ཞུ་དོ་དམ་ལེགས་སུ་གཏོང་བ། ཁྲོམ་རའི་བྱེད་པོར་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་པ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བའི་སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། ཁེ་ལས་ཀྱིས་ནུས་པ་དེ་བས་ཆེ་བ་དང་འཕེལ་རྒྱས་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དམག་འཐབ་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་འགན་ལེན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

སྤྱི་བདེ་པུས་བླང་བྱ་བཏོན་དོན། ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་ཁེ་ལས་ཀྱི་བསམ་འཆར་འདོན་མང་བའི་གན་རྒྱའི་ཁ་བསླུས་དང་། ཁྲིམས་འགལ་གཉེར་སྐྱོང་། གཡོ་བུན། ཤེས་བྱའི་བདག་དབང་ལ་བཙན་གནོད་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་། གཙོ་གནད་ས་ཁུལ་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དུས་ཐོག་ཏུ་ཆེད་དོན་རྡུང་རྡེག་དང་བཅོས་སྒྲིག་བྱས་ཏེ། རྐང་བཙུགས་ནས་རྨས་སྐྱོན་གཏོང་བ་དང་། ཁྲིམས་འགལ་བཙན་བཀག བསྙད་འདོགས་རྒྱུ་འཕྲོག རྒྱུ་ནོར་གཏོར་བཤིག་སོགས་གཉེར་སྐྱོང་བྱེད་པོའི་མི་ལུས་དང་རྒྱུ་ནོར་དབང་ཆར་བཙན་གནོད་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། བཙན་འདེམ་ཁྲོམ་བཟུང་དང་། བཙན་གྱིས་ཉོ་བའམ་འཚོང་བ། རྐང་བཙུགས་ནས་ལས་དོན་སྒྲུབ་པར་བཀག་འགོག་བཟོ་བ། རྩུབ་སྤྱོད་ཀྱིས་བུ་ལོན་འདེད་པ་སོགས་ཀྱི་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ་ཁེ་ལས་དང་གཉེར་སྐྱོང་པའི་ཁྲིམས་མཐུན་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

སྤྱི་བདེ་པུས་བླང་བྱ་བཏོན་དོན། སྤྱི་བདེའི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་བདེ་པུས་བཏོན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཁེ་ལས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་60དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། འདི་ལོ་ཚུན་བཏོན་པའི་བདེ་འཇགས་དོ་དམ་གྱི་དམངས་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་15དང་། བཟའ་བཅའ་དང་། སྨན་རྫས། ཁོར་ཡུག་བཅས་དང་། ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་བྱེད་ཐབས་10 སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྒྱུར་བཅོས་ཀྱི་དམངས་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་གསར་པ་6 གནས་སྤོས་ཡུལ་མིའི་རྒྱལ་མཚམས་འཛུལ་གྲོལ་གྱི་དོ་དམ་ཞབས་ཞུའི་བྱེད་ཐབས་10བཅས་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་གཉེར་རྒྱུ་སྔར་བས་སྟབས་བདེ་རུ་བཏང་ནས“དྲ་སྦྲེལ+སྤྱི་བདེའི་སྲིད་དོན་ཞབས་ཞུའི”ལས་སྟེགས་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཐེམ་ཐོ་དོ་དམ་དང་། འགྲོ་ལམ་འགྲིམ་འགྲུལ། གནས་སྤོས་མི་སེར་དང་རྒྱལ་མཚམས་འཛུལ་གྲོལ་སོགས་དོ་དམ་ཞབས་ཞུའི་ཁྱབ་ཁོངས་སུ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བའི་སྲིད་ཇུས་དང་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་ཞིབ་འཇུག་བྱས་ནས་བཏོན་ཏེ། ཁྲོམ་རའི་བྱེད་པོ་སྣ་ཚོགས་དང་མི་དམངས་མང་ཚོགས་ཀྱི་ཆེད་དུ་དེ་བས་མང་བའི་སྟབས་བདེའི་ཞབས་འདེགས་ཞུ་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།