ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་བཞིས2020ལོརAppཡིས་མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒྲིག་འགལ་ངང་བསྡུ་རུབ་དང་བེད་སྤྱོད་ཀྱི་བྱེད་སྤྱོད་ལ་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས་22ཉིན་པེ་ཅིང་དུ་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་། བཟོ་འཕྲིན་པུའུ། སྤྱི་བདེ་པུའུ། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་སྡེ་ཚན་བཞིས་ཚོགས་འདུ་འཚོགས་ཏེ། 2020ལོརAppཡིས་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བེད་སྤྱོད་ཀྱི་བྱེད་སྤྱོད་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་བ་རེད། ཚོགས་འདུའི་ཐོག2019ལོར་སྡེ་ཚན་བཞིས་མཉམ་འབྲེལ་ཐོགAppཡིས་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བེད་སྤྱོད་ཀྱི་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པའི་ལས་དོན་ལ་ཐོབ་པའི་འཕེལ་རིམ་གལ་ཆེན་ཕྱོགས་སྡོམ་བྱས་པ་རེད། སྨྱན་སྦྱོར་གྱི་འདྲི་ཤོག་བརྟག་དཔྱད་ལས་མངོན་པ་ལྟར་ན། དྲ་དམངས76%ལAppཡིས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་པའི་གནད་དོན་ལེགས་བཅོས་བྱུང་བ་དང་། Appཡིས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བེད་སྤྱོད་ཀྱི་བྱེད་སྤྱོད་ཚད་ལྡན་དང་ལེགས་སུ་ཕྱིན་པའི་ཚོར་སྣང་བྱུང་ཡོད།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་Appཡི་གྲངས་འབོར་ཁྲི་500ལྷག་ཙམ་ཟིན་ཞིང་། ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བེད་སྤྱོད་བྱེད་པའི་གནད་དོན་ད་དུང་རྦད་དེ་ཐག་གཅོད་བྱུང་མེད། 2020ལོའི་བཅོས་སྒྲིག་ལས་དོན་དེ་ན་ནིང་གི་རྨང་གཞིའི་ཐོག་Appབཅོས་སྒྲིག་ལས་དོན་ཚོགས་ཆུང་ལ་གཙོ་གནད་ཐོག་གཤམ་གསལ་ཕྱོགས་ཁག་ཐད་ཀྱི་ལས་དོན་སྒྲུབ་དགོས་པའི་རྒྱུན་མཐུད་མངགས་བཅོལ་བྱ་རྒྱུ་ཡིན་པ་སྟེ། གཅིག་ནས་SDKདང་ལག་ཐོགས་ཁ་པར་བཀོལ་སྤྱོད་མ་ལག་གི་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཀྱི་ཚོད་སྐོར་འགག་གནད་བཟོ་བ་དང་འགྲེམས་སྤེལ་བྱེད་པ་དང་། སྤྱི་དམངས་ཀྱིས་མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒྲིག་འགལ་ངང་བསྡུ་རུབ་བེད་སྤྱོད་ཀྱི་ཁུངས་སྣེ་སྙན་སེང་ཞུས་པ་དང་གནད་དོན་བཏོན་པར་རྒྱུན་མཐུད་བདག་སྤྲོད་བྱེད་པ་དང་འབྲེལ་ཐག་གཅོད་ཀྱང་བྱེད་པ། སྤྱོད་མཁན་མང་བ་དང་གནད་དོན་ལ་བསམ་འཆར་གཅིག་སྡུད་ཆེ་བའི་Appདང་། SDK བྱ་རིམ་ཆུང་གྲས་སོགས་ལ་ཚོད་སྐོར་གཏིང་ཟབ་བཅས་བྱེད་དགོས་པ། གཉིས་ནས་ངོ་གདོང་གི་ཁྱད་ཆོས་སོགས་སྐྱེ་དངོས་ཁྱད་ཆོས་ཀྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་ཚད་ལྡན་མིན་པ་དང་། Appརྒྱབ་ཕྱོགས་ནས་རང་དགར་ཁ་ཕྱེ་བ། འབྲེལ་མཐུད་བྱས་ནས་ཁ་ཕྱེ་བ། དབང་ཚད་རང་དགར་སྤྱད་ནས་སྒེར་གྱི་ཆ་འཕྲིན་དྲ་ཐོག་ཏུ་བསྐུར་བ། སྒྲ་ཕབ་དང་པར་རྒྱག་པ་སོགས་དོ་སྣང་ཆེན་པོ་བྱེད་པའི་དབང་ཚད་གང་བྱུང་དུ་སྤྱོད་པ་སོགས་སྤྱི་ཚོགས་ཐོག་བསམ་འཆར་ཆེ་བའི་གཙོ་གནད་གནད་དོན་ལ་དམིགས་ཏེ། ཆེད་དོན་ཞིབ་འཇུག་དང་ཞིབ་དཔྱད་གཏིང་ཟབ་བྱེད་དགོས་པ། གསུམ་ནས་མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒྲིག་འགལ་ངང་བསྡུ་རུབ་བེད་སྤྱོད་ཀྱི་བྱེད་སྤྱོད་ཤེས་རྟོགས་བྱེད་ཤུགས་དང་། དམར་འདོན་བྱེད་ཤུགས། ཆད་གཅོད་བྱེད་ཤུགས་བཅས་ཆེ་རུ་གཏོང་དགོས། གནས་ཚུལ་དང་མཇུག་འབྲས་ཚབས་ཆེ་ཆུང་ལ་གཞིགས་ཏེ་ཁྲིམས་དང་སྒྲིག་སྲོལ་བཞིན་སྐོང་འདྲི་དང་། ཐ་ཚིག་སྒྲོག་པ། ཕྱིར་འཐེན་བྱེད་དུ་འཇུག་པ། དངུལ་ཆད་གཏོང་བ་སོགས་ཀྱི་ཆད་པ་བཅད་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཟིལ་གནོན་ནུས་ལྡན་ཞིག་ཆགས་པ་བྱེད་དགོས་པ། བཞི་ནས་Appཡིས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བེད་སྤྱོད་བྱེད་མཁན་གྱི་ཉེར་མཁོའི་ཚོང་ཁང་ལ་ཞིབ་བཤེར་དོ་དམ་བྱེད་པའི་ཕྱོགས་སྟོན་བཟོས་ནས་འདོན་པ་དང་། ཉེར་མཁོའི་ཚོང་ཁང་ལ་Appདྲ་ཐོག་ཏུ་མ་བཏོན་གོང་གི་བདེ་འཇགས་ཞིབ་བཤེར་ཡག་པོ་བྱེད་དགོས་པའི་མཛུབ་ཁྲིད་དང་སྐུལ་ལྕག་བཏང་སྟེ་འཛུལ་སྒོ་ནན་པོ་སྲུང་དགོས་པ། ལྔ་ནས་རིན་མེད་ཀྱི་ལག་རྩལ་དང་ལག་ཆ་གསར་སྤེལ་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་བེད་སྤྱོད་ཀྱི་བྱེད་སྤྱོད་ལ་རང་ཉིད་ཀྱིས་ཚོད་སྐོར་བྱེད་པ་དང་། མི་སྒེར་གྱི་ཆ་འཕྲིན་གྱི་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་དང་གྲལ་བཤེར་བྱེད་པ། ཁེ་ལས་འབྲིང་ཆུང་གི་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་ཀྱི་བྱེད་སྒོའི་ཁྲིམས་མཐུན་དང་ལུགས་མཐུན་རང་བཞིན་ཆེ་རུ་གཏོང་བ་བཅས་ལ་མཛུབ་ཁྲིད་བྱེད་དགོས་པ། དྲུག་ནས་Appཡི་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ཁས་ལེན་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཁས་ལེན་དཔང་ཡིག་དང་མཚོན་རྟགས་གོ་རིམ་ལྡན་པའི་ངང་སྤྲོད་པ་དང་རྒྱུན་མཐུད་བབ་བསྟུན་གྱི་ཁས་ལེན་རྗེས་སྙེག་ལམ་སྲོལ་འཛུགས་དགོས་པ། བདུན་ནས་མི་སྒེར་གྱི་ཆ་འཕྲིན་ལ་བདེ་འཇགས་ཚོད་སྐོར་བྱེད་པའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་སྒེར་གྱི་ཆ་འཕྲིན་གྱི་བདེ་འཇགས་ཚོད་སྐོར་ལས་དོན་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཤེས་བྱ་དང་རྩལ་ནུས་བརྒྱུད་སྤེལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།