ཀྲུང་གོ་བོད་ཀྱི་དྲ་བ།

ཐའེ་ཝན་གནམ་གཤིས་སྡེ་ཁག་གིས་ཐའེ་ཝན་ཤར་རྒྱུད་མཚོ་ཁོངས་སུ་ས་ཡོམ་རིམ་པ6.1བརྒྱབ་པར་བཤད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐའེ་ཝན་ཤར་རྒྱུད་མཚོ་ཁོངས་སུ་ཚེས26ཉིན་གྱི་ཆུ་ཚོད20དང་སྐར་མ52ཐོག་ས་ཡོམ་རིམ་པ6.1བརྒྱབ་པ་རེད། ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ24.26དང་ཤར་གྱི་གཞུང་ཐིག་ཏུའུ122.44རུ་གནས་ཤིང་ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི53.2ཡིན་པ་རེད།

 ཐའེ་པེ་རུ་ཡོམ་ཚོར་མངོན་གསལ་ཡིན་ལ་ཐའེ་ཝན་ཡོངས་ལ་ཡོམ་ཚོར་ཡོད་པ་དང་ཡོམ་ཚད་ཆེས་ཆེ་ཤོས་ནི་ཧྭ་ལེན་རྫོང་ཡིན་ཞིང་རིམ་པ4རེད། གནས་སྐབས་སུ་ས་གནས་ཁག་ཏུ་ཉེས་སྐྱོན་སྐོར་གྱི་གནས་ཚུལ་བྱུང་མེད།

 གཞན་ཡང་ཀྲུང་གོའི་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཚེས26ཉིན་གྱི་ཆུ་ཚོད20དང་སྐར་མ52ཐོག་ཐའེ་ཝན་ཧྭ་ལེན་རྫོང་གི་མཚོ་ཁོངས་སུ་ས་ཡོམ་རིམ་པ5.5བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི50རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།