ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁ་བཙན་གྱིས་ཞིག་སི་ཏུན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྡོད་ཁང་དུ་འཛུལ་བར་ངོ་རྒོལ་མཐའ་འཁྱོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པེན་གྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་བཙན་གྱིས་ཞིག་སི་ཏུན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྡོད་ཁང་དུ་འཛུལ་བའི་བྱ་སྤྱོད་དེར། ཀྲུང་གོ་ཧ་ཅང་མི་དགའ་བ་དང་ངོ་རྒོལ་མཐའ་འཁྱོལ་བྱས་ཡོད་ལ། དེའི་ཐད་ནས་སྐད་ཆ་ནན་མོ་བཤད་ཡོད། ཀྲུང་གོས་དོན་དེའི་ཐད་ནས་འོས་འཚམ་དང་དགོས་ངེས་ཀྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ས་དེའི་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཨ་མེ་རི་ཁའི་ཁྲིམས་འཛིན་མི་སྣ་བཙན་གྱིས་ཞིག་སི་ཏུན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྡོད་ཁང་དུ་འཛུལ། ཝང་ཝུན་པེན་གྱིས་བཤད་རྒྱུར། ཞིག་སི་ཏུན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྡོད་ཁང་ཡང་ཀྲུང་གོའི་རྒྱལ་ཁབ་ཀྱི་རྒྱུ་ནོར་ཡིན་པས། ཝེ་ཡེ་ནའི་གཞུང་ཚབ་འབྲེལ་བའི་སྤྱི་ཆིངས་དང་ཀྲུང་གོ་དང་ཨ་མེ་རི་ཁའི་གཞུང་ཚབ་ཆིངས་ཡིག་ལྟར་ན། ཨ་མེ་རི་ཁས་ཞིག་སི་ཏུན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྡོད་ཁང་ལ་རྣམ་པ་གང་རུང་གི་གནོད་སྐྱེལ་མི་ཆོག་ཟེར།

ཝང་ཝུན་པེན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་བཙན་གྱིས་ཞིག་སི་ཏུན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྡོད་ཁང་དུ་འཛུལ་བའི་བྱ་སྤྱོད་དེར། ཀྲུང་གོ་ཧ་ཅང་མི་དགའ་བ་དང་ངོ་རྒོལ་མཐའ་འཁྱོལ་བྱས་ཡོད་ལ། དེའི་ཐད་ནས་སྐད་ཆ་ནན་མོ་བཤད་ཡོད། ཀྲུང་གོས་དོན་དེའི་ཐད་ནས་འོས་འཚམ་དང་དགོས་ངེས་ཀྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།