ཀྲུང་གོ་བོད་ཀྱི་དྲ་བ།

​སུན་ཁྲུན་ལན་གྱིས་ཞིན་ཅང་དུ་རྟོག་ཞིབ་བྱེད་སྐབས་ཚན་རིག་གནད་འཁེལ་གྱི་བྱེད་ཐབས་སྤྱད་དེ་རིམས་ནད་མཆེད་པར་བཀག་འགོག་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་ཟབ་མོ་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚེས་ཉེར་གསུམ་ཉིན་ནས་ཉེར་ལྔ་ཉིན་བར་ཞིན་ཅང་དུ་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཞིན་ཅང་གི་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་བ་དང་འཚམས་འདྲི་ཞུས། སུན་ཁྲུན་ལན་གྱིས་རང་སྐྱོང་ལྗོངས་ཀྱི་རིམས་ནད་འགོག་སྡོམ་གནས་ཚུལ་གྱི་ཡར་ཞུར་ཉན་པ་དང་། ཡུལ་དངོས་ནས་གཏན་ཁེལ་བྱས་ཡོད་པའི་སྨན་བཅོས་སྨན་ཁང་དང་རིམས་འགོག་ལྟེ་གནས། ལོགས་སུ་འགར་ས། སྡོད་ཁུལ་དང་ཞིབ་བཤེར་ཚད་འཇལ་བྱེད་ས་བཅས་སུ་རྟོག་ཞིབ་བྱས་ལ། ནད་པའི་སྨན་བཅོས་དང་། ཉིང་སྐྱུར་ཚད་འཇལ། འཚོ་བའི་དངོས་རྫས་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། བརྙན་རིས་བརྒྱུད་དེ་མཐའ་མཚམས་འགོག་སྒོའི་རིམས་འགོག་ལ་བལྟས་པ་དང་། འཐབ་ས་དང་པོའི་སྨན་བཅོས་མི་སྣ་དང་། སྡོད་ཁུལ་གྱི་ལས་བྱེད་པ་དང་སྡོད་དམངས། དང་བླངས་པ། ལོགས་བཀར་མི་སྣ་བཅས་ལ་འཚམས་འདྲི་ཞུས་ཤིང་། ཏང་སྲིད་ལས་བྱེད་པ་དང་ཆེད་མཁས་པར་བཞུགས་མོལ་བརྗེ་རེས་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ཞིན་ཅང་གི་ས་ཆ་ཁ་ཤས་སུ་འདུ་འཛོམས་རང་བཞིན་གྱི་རིམས་ནད་བྱུང་རྗེས། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་མྱུར་དུ་ནུས་ཡོད་འགོག་སྡོམ་བྱེད་ཐབས་སྤྱད་དེ། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་མི་ཡོངས་ལ་ཉིང་སྐྱུར་ཚད་འཇལ་བྱས་པ་དང་། མི་ས་ཡ་གཉིས་ལྷག་ལ་གྲལ་བཤེར་བྱས་ཤིང་། གསར་བྱུང་ནད་པ་ཚང་མར་དོ་དམ་ཚོད་འཛིན་བྱས་ཡོད། སུན་ཁྲུན་ལན་གྱིས་ཞིན་ཅང་གི་དུས་སྔོན་གྱི་འགོག་སྲུང་བྱ་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། མོས་བསྟན་དོན། ཐེངས་འདིའི་རིམས་ནད་མི་རིགས་མང་པོའི་མང་ཚོགས་ལ་འབྲེལ་བ་ཡོད་པ་དང་། ནད་པའི་ལོ་ཚོད་ཀྱི་དཀྱིལ་གནས་གྲངས་ཅུང་ཆུང་ལ། ནད་རྟགས་མེད་པའི་ནད་འགོས་མཁན་གྱི་བསྡུར་ཚད་ཅུང་མཐོ་བས། རྒྱལ་ཁབ་ཀྱི་བརྟག་བཅོས་ཐབས་ཇུས་པར་གཞི་བདུན་པ་ལྟར་ཚད་ལྡན་ཅན་གྱི་སྨན་བཅོས་བྱེད་པ་དང་། འགག་སྒོ་སྔོན་སྣུར་གྱིས་ནད་རྟགས་མེད་པའི་ནད་འགོས་མཁན་གྱི་སྨན་བཅོས་བྱེད་ཐབས་ལ་ཞིབ་འཇུག་ཟབ་མོ་བྱེད་པ། ནད་པའི་ནད་ཇེ་ལྕིར་འགྲོ་བར་བཀག་འགོག་བྱས་ཏེ། མི་རིགས་སོ་སོའི་ནད་པར་སྨན་བཅོས་ཞིབ་མོ་བྱེད་དགོས་པ་དང་ཁོ་ཚོ་སྔ་མོ་ནས་དྲག་སྐྱེད་འབྱུང་བར་བྱེད་དགོས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ནད་ལྕི་མོ་དང་སྨན་ཞབས། ཀྲུང་ལུགས་སྨན་བཅོས་སོགས་ཕྱོགས་ཀྱི་ཆེད་མཁས་པ་དང་སྨན་བཅོས་སྒྲིག་ཆས། མྱུར་སྐྱོབ་སྨན་རྫས་བཅས་གཅིག་སྡུད་བཀོད་སྒྲིག་བྱེད་པའི་རྨང་གཞིའི་སྟེང་། རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཆེད་ལས་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། སྨན་བཅོས་མྱུར་སྐྱོབ་ནུས་པ་ཇེ་མཐོར་གཏོང་རོགས་བྱས་ཏེ། མི་རིགས་སོ་སོའི་ནད་པ་ཚང་མར་ཆུ་ཚད་མཐོ་བའི་སྨན་བཅོས་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།

སུན་ཁྲུན་ལན་གྱིས་ནན་གྱིས་བསྟན་དོན། རིམས་ནད་འགོག་སྡོམ་གྱི་གནད་འགག་ནི་སྔ་བ་བཞིའི་བླང་བྱ་དོན་འཁྱོལ་བྱེད་རྒྱུ་དེ་ཡིན་པས། ཉིང་སྐྱར་ཚད་འཇལ་གྱི་ནུས་པ་དང་སྤུས་ཚད་མྱུར་དུ་མཐོར་འདེགས་བྱས་ཏེ། ནད་པ་ཡོད་ན་མྱུར་དུ་སྙན་ཞུ་འབུལ་དགོས་ལ། འགོས་ནད་རིག་པའི་རྟོག་ཞིབ་བྱ་བར་ཟབ་མོར་སྤེལ་བ་དང་། ཆེད་མཁས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ། སྤྱི་ཐུན་འཕྲོད་བསྟེན་སོགས་ཆེད་ལས་མི་སྣའི་ནུས་པ་ལེགས་པར་བཏོན་ཞིང་། དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་ནས། ཆེད་དམངས་མཉམ་སྦྲེལ་དང་མང་འགོག་མང་སྡོམ་གྱིས་རིམས་ནད་མཆེད་ཚུལ་མྱུར་དུ་གསལ་བོར་ཤེས་པར་བྱེད་དགོས། ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ཚན་རིག་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་ལྟར། འགུལ་རྣམ་ཅན་གྱི་འགོག་སྡོམ་ཇུས་གཞི་ལག་བསྟར་བྱས་ཏེ། བཀག་སྡོམ་བྱས་པའི་སྡོད་ཁུལ་གྱི་སེམས་ཁུར་དང་ཞབས་ཞུའི་འགན་སྲུང་བཟང་བོར་སྒྲུབ་དགོས། རིམས་ནད་འགོག་སྡོམ་གྱི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་བཀོད་སྒྲིག་ལ་ཤུགས་བསྣན་ནས། ཕྱོགས་བཞིའི་འགན་འཁྲི་ནན་དཀྲི་བྱེད་པ་དང་། ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། འགོག་སྡོམ་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཞིབ་མོ་བྱས་ཏེ། མྱུར་དུ་རིམས་ནད་འགོག་སྡོམ་བྱས་ནས། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།