ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཧམ་བཟུང་དང་གཞན་སྤྱོད་བྱས་པའི་དམངས་གཉེར་ཁེ་ལས་ཀྱི་རྒྱུ་ནོར་ཁྲིམས་ལྟར་འདེད་ལེན་བྱ་རྒྱུའི་བསམ་འཆར་བཏོན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས22ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་ཐོག་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 《དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་ལེན་མཁོ་འདོན་བྱ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་ནས《བསམ་འཆར》ཞེས་བསྡུ་རྒྱུ)མཉམ་དུ་ཁྱབ་བསྒྲགས་བྱས་པ་རེད།

《བསམ་འཆར》ནང་། དབང་བའི་ལམ་ལུགས་ལྟར་ཁྲོམ་རའི་བྱེད་པོ་དབྱེ་འབྱེད་དང་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་མིན་པའི་སྲུང་སྐྱོང་གི་ཁྲིམས་འཛིན་ཁྲུན་གཅོད་ཀྱི་སྒྲིག་སྲོལ་མེད་པར་བཟོ་རྒྱུ་དང་། ཁྲོམ་རའི་བྱེད་པོ་གསར་པར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གསར་གཏོད་དང་འཕེལ་རྒྱས་ལ་ཕན་པའི་དེང་རབས་ཀྱི་ཁྲིམས་མིའི་ལམ་ལུགས་ཤིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།

《བསམ་འཆར》ནང་། ཁྲུན་གཅོད་ཀྱི་ཚད་གཞི་ཁ་གསལ་དང་གཅིག་གྱུར་བྱས་པའི་ཁར་རྒྱུ་ནོར་བདག་དབང་གི་འབྲེལ་བའི་དབྱེ་མཚམས་གསལ་པོར་ཕྱེ་ནས། ཁྲིམས་འགལ་ངང་སྒོ་ཐེལ་རྒྱག་པ་དང་། རྒྱུ་ནོར་བཀག་ཉར་དང་བསྡམས་བཅད་བྱས་པ་སོགས་དམངས་གཉེར་ཁེ་ལས་ཀྱི་རྒྱུ་ནོར་བདག་དབང་སྲུང་སྐྱོང་ཁྲོད་ཀྱི་གནད་དོན་མངོན་གསལ་དོད་རིགས་ཁག་གཙོ་གནད་ཐོག་ཐག་གཅོད་བྱེད་རྒྱུ་དང་། ཁྲིམས་བཀོད་གུན་གསབ་རྩ་དོན་མཐའ་འཁྱོངས་བྱས་ནས། རྒྱུ་ནོར་བདག་དབང་དང་འབྲེལ་བའི་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་ཁྲིམས་ཐག་གཅོད་ནོར་ཤོར་བའི་གྱོད་གཞི་འགོག་ཟོན་ནུས་ལྡན་དང་རྒྱུན་རྣམ་ཅན་གྱི་ཡོ་བསྲང་ལམ་སྲོལ་ཤུགས་ཆེར་གཏོང་རྒྱུ། ཚད་གཞི་ལས་བརྒལ་བའི་སྒོ་ཐེལ་རྒྱག་རྒྱུ་དང་ཅི་དགར་སྒོ་ཐེལ་རྒྱག་རྒྱུ་གཏན་འགོག་བྱས་པའི་ཁར། ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་རྒྱུ་ནོར་གཉེར་སྐྱོང་རིན་ཐང་རྒྱུན་འཁྱོངས་བྱེད་ཅི་ཐུབ་བྱ་རྒྱུ། ཁེ་ལས་པར་དམིགས་པ་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་གནོད་འཚེ་ཆེན་པོ་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་བཏང་ཐོག ཧམ་བཟུང་དང་གཞན་སྤྱོད་བྱས་པའི་དམངས་གཉེར་ཁེ་ལས་ཀྱི་རྒྱུ་ནོར་ཁྲིམས་ལྟར་འདེད་ལེན་བྱས་ནས། རྒྱུ་ནོར་ཕྱིར་སྤྲོད་དང་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤེས་རིག་བདག་དབང་སྐོར་གྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་བཅད་དེ། ཕྲེང་འབྲེལ་རྣམ་པ་དང་ཐོན་ལས་ཅན་གྱི་ཤེས་རིག་བདག་དབང་དང་འབྲེལ་བའི་ཉེས་གསོག་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།