ཀྲུང་གོ་བོད་ཀྱི་དྲ་བ།

མི་སྤྱི་པུས་དུས་ཚིགས་གཉིས་པར་དགོས་མཁོ་ཆེ་བའི་ལས་རིགས100བང་སྒྲིག་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། མི་སྤྱི་པུས《2020ལོའི་དུས་ཚིགས་གཉིས་པར་རྒྱལ་ཡོངས་སུ་དགོས་མཁོ་ཆེ་བའི་ལས་རིགས100ལ་མི་བསྡུ་རྒྱུའི་བང་སྒྲིག》ཁྱབ་བསྒྲགས་བྱས་པའི་ནང་ཚོང་གཉེར་དང་། མྱུར་སྐྱེལ། བཟའ་བཏུང་ཞབས་ཞུ་བཅས་ཀྱི་ལས་རིགས་སླར་ཡང་དགོས་མཁོ་ཆེ་ཤོས་སུ་གྱུར་བ་རེད།

སྙན་ཞུ་ལས། དུས་ཚིགས་དང་པོ་དང་བསྡུར་ན། “བང་སྒྲིག”ནང་ཚུད་པའི་ལས་རིགས100དེ་དག་ལས་རིགས་དབྱེ་ཚུལ་ནས་བལྟས་ཚེ་གྲུབ་ཚུལ་སྤྱིར་ན་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་པ་མངོན་ཡོད།

གཞན་ཡང་། “བང་སྒྲིག”བྱས་པའི་ལས་རིགས100ལ་བལྟས་ཚེ། ལས་མི་བསྡུ་བའི་ཁ་གྲངས་དེ་དུས་ཚིགས་དང་པོའི་མི་ཁྲི137.6ནས་མི་ཁྲི148.9བར་མང་དུ་སོང་ནས་འཕར་ཚད8.2%ཟིན་པ་དང་། ལས་ཀ་འཚོལ་མཁན་མི་གྲངས་དུས་ཚིགས་དང་པོའི་མི་ཁྲི52.6ནས་མི་ཁྲི74.3བར་མང་དུ་སོང་ནས་འཕར་ཚད41.3%ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།