ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126277794_15955130445431n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་མོ་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལྟར་དུ། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ནན་ཏན་གྱིས་སྒྲུབ་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་། ཝང་དབྱི། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། རྒྱལ་སྲིད་ཨུ་ཡོན་ཞའོ་ཅེ་ཡིས་ཚོགས་འདུར་འགོ་འཛིན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་ཞའོ་ཏུའུ་གདན་ཞུས་ལྟར་ཚོགས་འདུར་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ལོ་གཅིག་ལྷག་ཙམ་རིང་། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཀྱང་ད་དུང་གནད་དོན་དང་མི་འདང་ས་གནས་ཡོད། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤེལ་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་རྒྱག་དགོས། བདེན་འཚོལ་དོན་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དམངས་དོན་དུ་སྲིད་སྐྱོང་བ་བྱེད་ཐུབ་པ། “བརྟན་འཇགས་དྲུག”གི་ལས་ཀ་ཡག་པོར་སྒྲུབ་པ་དང་“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱེད་དགོས། དེ་ནི་སྲིད་གཞུང་གི་ལག་བསྟར་བྱེད་ནུས་ལ་ཚོད་བགམ་བྱས་པ་ཞིག་དང་སྲིད་བཀའ་ཤར་བགྲོད་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའི་སྒྲིག་ཁྲིམས་ཀྱི་བླང་བྱ་ཞིག་རེད།

ལིས་ཁི་ཆང་གིས་གསུངས་རྒྱུར། དམིགས་བསལ་སྤོ་སྒྱུར་གཏོང་སྤྲོད་ལམ་སྲོལ་ལག་བསྟར་ནན་མོ་བྱེད་དགོས། གསར་དུ་འཕར་སྣོན་བྱུང་བའི་ནོར་སྲིད་ཀྱི་མ་དངུལ“ལག་ལེན་མཐའ་འཁྱོལ”བྱེད་པ་དང་མགྱོགས་མྱུར་ཕན་ནུས་ཐོན་པར་བྱེད་དགོས། སྲིད་གཞུང་གིས་འཚོ་བ་སྐྱེལ་ཐབས་མཐའ་གཅིག་ཏུ་བྱས་ཏེ་དངུལ་སྤྱོད་མཁོ་ཆེ་སར་སྤྱད་དེ། ལས་ཞུགས་དང་དམངས་འཚོ། ཁྲོམ་རའི་རང་བདག་བཅས་ལ་འགན་ལེན་གང་ལེགས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ཚང་མ་ཏན་ཏན་ཏིག་ཏིག་གིས་བསྒྲུབས་པ་ཡིན་པས། ངེས་པར་དུ་བདེན་འཚོལ་དོན་གཉེར་བྱ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་ནས་སྤེལ་མི་ཆོག་པ་དང་ཚུལ་མིན་གྱི་སྤྱོད་ཡན་གཏན་ནས་སྤེལ་མི་ཆོག སུ་ཞིག་གིས་གཞི་རྩའི་དམངས་འཚོའི་སྤྱི་པའི་མ་དངུལ་འགན་སྲུང་དང་རུལ་སུངས་སུ་གྱུར་རིགས་ལ་ཉེས་ཆད་དྲག་པོ་གཅོད་ཕོད་པ་ལས་གུ་ཡངས་གཏོང་མི་རུང་།

ལིས་ཁི་ཆང་གིས་གསུངས་རྒྱུར། སྲིད་གཞུང་རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང“ཡིད་རྟོན་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་སྒྲུབ་ཐུབ་པ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཞོད་འགོག་གེགས་སེལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་ཞེས་གསུངས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།