ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་གཉིས་རིང་དབང་བརྟེན་ཉེས་གསོག་པ་ཁྲི4ལྷག་བདག་སྤྲོད་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོ་ནས2019ལོ་བར། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམ་ཁག་ལྟ་ཞིབ་ཨུ་ལྷན་གྱིས་སྐྱེལ་སྤྲོད་བྱས་པའི་དབང་བརྟེན་ཉེས་གསོག་པ40326བདག་སྤྲོད་བྱས་པའི་ཁྲོད་ལྐོག་ཟ་ལྐོག་ལེན་རིགས་ཀྱི་ཉེས་གསོག་གིས་བཟུང་བའི་བསྡུར་གྲངས80%ལས་བརྒལ་ཡོད། དེ་ནི་ཚེས21ཉིན་གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

ཆེས་མཐོའི་མི་དམངས་ཞིབ་སྤྱོད་ཁང་གི་ཞིབ་དཔྱོད་ཐིང་གསུམ་པའི་ཐིང་ཀྲང་ཝང་ཧྲའུ་ཨན་གྱིས། 2018ལོར་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམ་པ་ཁག་གི་ལྟ་ཞིབ་ཨུ་ལྷན་གྱིས་སྐྱེལ་སྤྲོད་བྱས་པའི་དབང་བརྟེན་ཉེས་གསོག་པ16092བདག་སྤྲོད་བྱས་པ་དང་། 2019ལོར་མི24234བདག་སྤྲོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས50.6%འཕར་ཡོད། འདྲི་ཞིབ་བྱས་པ་བརྒྱུད། མི28387གཞུང་གཏུག་བྱ་རྒྱུའི་ཐག་བཅད་པ་དང་མི་954གཞུང་གཏུག་མི་བྱེད་པའི་ཐག་བཅད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དབང་བརྟེན་ཉེས་གསོག་གི་གྱོད་གཞི་དེ་དག་ནང་ལྐོག་ཟ་ལྐོག་ལེན་རིགས་ཀྱི་ཉེས་གསོག་གིས་བཟུང་བའི་བསྡུར་གྲངས80%ལྷག་ཟིན་པ་དང་། འགན་འཛོལ་དབང་གནོད་རིགས་ཀྱི་ཉེས་གསོག་གིས་བཟུང་བའི་བསྡུར་གྲངས10%ཡས་མས་ཟིན་གྱི་ཡོད།

གཞི་རིམ་གཞུང་ལས་མི་སྣའི་དབང་བརྟེན་ཉེས་གསོག་གིས་མང་ཆེ་བ་བཟུང་ཞིང་། ཤང་དང་ཁོའོ་རིམ་པ་མན་གྱིས་གཞུང་ལས་མི་སྣས་བཟུང་བའི་བསྡུར་གྲངས80%ཡན་ཟིན་ཡོད། ཉེས་གསོག་དེ་རིགས་གཙོ་བོ་ས་ཆ་བསྡུ་ལེན་དང་། གནས་སྤོ། དམངས་ཕན་མ་དངུལ་སོགས་མ་དངུལ་འདུ་ཆེ་བ་དང་ལྟ་འདོམས་ནན་པོ་མེད་པའི་ཁྱབ་ཁོངས་སུ་ཐོན་པ་མ་ཟད། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་མི་སྣའི་དབང་བརྟེན་ཉེས་གསོག་གི་གྱོད་གཞི་ཐོན་མང་དུ་འགྲོ་བ་དང་ལྐོག་ཟ་ཆུང་རིགས་ཀྱི་གྱོད་གཞིས་བཟུང་བའི་བསྡུར་ཚད་ཀྱང་ཅུང་མཐོ་པོ་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།